ཚོགས་ཆེན་ལ་གྲུབ་འབྲས་ག་རེ་ཐོན་སོང༌།

བསྟན་འཛིན་བརྩོན་འགྲུས་དང་བོད་ཁྱིམ་གྱི་སློབ་ཕྲུག་ཁག་ཅིག་གི་གླེང་མོལ།
འདི་ལོའི་ཕྱི་ཟླ་༡༡ པའི་ཚེས་༡༧ ནས་ཉིན་དྲུག་རིང་བཙན་བྱོལ་བོད་གཞུང་གི་དམིགས་བསལ་ཚོགས་ཆེན་འཚོགས་ནས། ཉིན་མཐའ་མའི་མཇུག་བསྡོམས་མཛད་སྒོ་གྲོལ་བ་དང༌། བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གསར་འགོད་བརྒྱུད་ལམ་མང་པོར་སྐད་ཆ་བཤད་རྗེས། འཁྲིས་སུ་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་ལྔ་པ་དྲུག་པའི་སློབ་ཕྲུག་ཁ་ཤས་སླེབས་འདུག དེའི་སྐབས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཕྲུ་གུ་ཚོར་ཚོགས་འདུ་དེ་ག་རེའི་སྐོར་རེད་ཅེས་དྲིས་པར།   

Read more

དཀོན་མཆོག་རྒྱ་མཚོ༌

ཕྲན་དཀོན་མཆོག་རྒྱ་མཚོ་ནི་༡༩༨༥ ལོར་མདོ་སྨད་རྔ་ཡུལ་ཨ་འདུས་སྡེ་བར་སྐྱེས་ཤིང༌། ཕྱི་ལོ་༡༩༩༨ ལོར་འཕགས་ཡུལ་ལ་འབྱོར་ནས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་བྱས་ཏེ་ནང་ཆོས་ཅུང་ཙམ་སྦྱང་ཁུལ་བྱས་པ་ཡིན། ད་སྐབས་བརྡ་སྤྲོད་གཞུང་ལུགས་ལ་སྦྱང་བའི་ཁུལ་ཡིན།
བདག་གིས་གླེང་སྟེགས་འདི་བརྒྱུད་ནས་མི་རིགས་ཤིག་གི་སྐད་ཡིག་གི་དགེ་ཕན་ཅུང་ཙམ་སྨྲ་འདོད་བྱུང༌།

Read more

སྲོལ་རྒྱུན་གྱི་གཞས་དེ་ཐུན་མོང་མ་ཡིན་པ་ཞིག་རེད།

གཞས་པ་ཀུན་དགའ་བསྟན་འཛིན་ལགས་སུ་བཅར་འདྲི།

དྲི་བ། དང་ཐོག་བོད་ནས་ཚུར་ཕེབས་དགོས་དོན་གང་ཡིན་དང་སྐུ་ཉིད་དང་ཐོག་གཞས་གཏོང་རྒྱུར་དོ་སྣང་སླེབས་སྟངས་སྐོར་མདོར་བསྡུས་ཤིག་གསུངས་རོགས།

ལན། རྒྱ་གར་ལ་ཤིན་ཏུ་རྩ་ཆེ་བའི་གནས་ཆེན་ཁག་དང་ྋགོང་ས་མཆོག་མཇལ་ཁ་ཞུ་རྒྱུ། སློབ་སྦྱོང་བྱེད་རྒྱུ་བཅས་ཀྱི་ཆེད་དུ་ཡིན།

དྲི་བ། གཞས་གཏོང་སྐབས་མང་ཚོགས་ཀྱིས་གཞས་ཀྱི་རིགས་གང་འདྲ་ལ་དོ་སྣང་ཡོང་གི་ཡོད་དང་བཙན་བྱོལ་ནང་གི་གཞས་པ་ཞིག་ལ་མཚོན་ན་དཀའ་ངལ་ཆེ་ཤོས་གང་རེད།

ལན། སྤྱིར་བཏང་ང་རང་ཆུང་དུས་ནས་གཞས་ཉན་རྒྱུ་དང་གཏོང་རྒྱུར་དགའ་པོ་ཡོད་པས། གཞས་ཡག་པོ་ཞིག་བཏང་ན་མི་དམངས་ལ་སྤྲོ་སྣང་ཁྱད་དུ་འཕགས་པ་སྦྱིན་ཐུབ་པ་མ་ཟད་སོ་སོའི་རིག་གཞུང་ལའང་ཕན་པ་ཧ་གོ་སོང༌།

Read more

བུད་མེད་ཀྱིས་སྐད་ཆ་མང་ཙམ་བཤད་ཐུབ་དགོས་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བཀྲས་མཐོང་ལྷ་སྒྲོན་ལགས་སུ་བུད་མེད་ཀྱི་གནས་བབ་སྐོར་ལ་བཅར་འདྲི།

དྲི་བ། ཁྱེད་རང་གིས་ཕྱིའི་རྒྱལ་ཁབ་ནང་སློབ་གཉེར་གཙོ་བོ་ག་རེ་གནང་བ་ཡིན།

ལན། རྒྱལ་རབས་སློབ་སྦྱོང་བྱས་པ་དང༌། དེའི་ནང་དམིགས་བསལ་དེང་དུས་ཨ་རིའི་རྒྱལ་རབས་ལོ་རྒྱུས་ཐོག་སློབ་སྦྱོང་བྱས་པ་ཡིན། ཨ་རི་ནི་དེང་སྐབས་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཁོང་ཚོས་བོད་ལ་རོགས་པ་ཏོག་ཙམ་བྱེད་ཀྱི་ཡོད་པ་བཞིན། ཁོ་ཚོའི་སྐོར་མང་ཙམ་ཤེས་ན་བོད་དོན་ཐོག་ལའང་རོགས་པ་བྱེད་ཐུབ་པར་ཕན་གྱི་རེད་བསམ་གྱི་འདུག

དྲི་བ། ཁྱོད་རང་བུད་མེད་ཅིག་ཡིན་པའི་ཆ་ནས་མི་ཚེའི་ནང་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་སོང༌།

Read more

བསོད་ནམས།

གུས་མོ་ནི་གངས་ལྗོངས་ལས་ཆས་པའི་གདོང་དམར་བ་བསོད་ནམས། རང་ལོ་༡༦ ད་ལྟའི་ཆར་བལ་ཡུལ་དུ་ཤེས་བྱའི་གནས་ལ་སྦྱང་པ་བྱེད་བཞིན་མཆིས། ད་ཐེངས་ངས་མི་རབས་གསར་པའི་གླེང་སྟེགས་འདི་བརྒྱུད་ནས་སྤུན་ཟླ་ཚོར་གླེང་འདོད་པ་ནི། ངའི་སེམས་ཁོངས་ནས་འཕྱུར་བའི་སྙིང་གཏམ་དྲོན་མོ་ཞིག་རེད། ཤ་ཁྲག་གཅིག་པའི་གདུང་རྒྱུད་ཚོ། ད་བར་ལོ་ངོ་ལྔ་བཅུ་ཙམ་ལ་ང་ཚོས་བདེན་པའི་ཁུ་ཚུར་གནམ་ལ་བསྒྲེངས་ཤིང༌། བདེན་པའི་འབོད་ཚིག་བར་སྣང་ལ་བསྒྲགས། བསམ་ཡུལ་ལས་འདས་པར་ང་ཚོར་ཐོབ་པ་ནི་བརྗེད་ཐབས་མེད་པའི་ཁྲག་གི་ལེའུ་དང༌། བཟོད་ཐབས་བྲལ་བའི་རྣག་གི་རྨ་ཁ་ཞིག

Read more

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཤད་པ་དེ་བདེན་ན་བརྒྱ་ཆ་བརྒྱ་ངོ་རྒོལ་ཡོད།

བཀའ་ཟུར་ལྷན་ཚོགས་སྐོར་བདེ་སྲུང་བཀའ་ཟུར་པདྨ་ཆོས་འབྱོར་མཆོག་ལ་བཅར་འདྲི་ཞུས་པ།

དྲི་བ། བཀའ་ཟུར་ལྷན་ཚོགས་འདིའི་གྲོས་གཞི་གཙོ་བོ་གང་དང་གང་ཡིན་ནམ།

ལན། གནད་དོན་གཙོ་བོ་བར་ལམ་ནས་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ྋརྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཤུགས་ཆེན་པོ་ཞིག་བཏང་ཡོད་པ་རེད། སྤྱིར་མཚན་སྨད་སྔོན་མ་ནས་མང་པོ་ཞིག་གཏོང་གི་ཡོད་པ་རེད་དེ། ཉེ་བའི་ཆར་ྋརྒྱལ་བ་རིན་པོ་ཆེ་ལ་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་དོན་དུ་བཀའ་མོལ་གནང་རྒྱུའི་ཐོབ་ཐང་གང་ཡང་མེད། གལ་སྲིད་ཡོད་པའི་དབང་དུ་བཏང་ཡང་ཕྱི་ལོ་༡༩༥༩ སྔོན་མ་གཏོགས། ད་ལྟ་ཁོ་རང་ལ་དབང་ཚད་དེ་ཡོད་པ་མ་རེད།

Read more

བོད་ཡིག་གསར་ཤོག་མཐོང་དུས་ཉོབ་ཀྱི་མི་འདུག་གམ་ཟེར་མཁན་འདུག

བསྟན་འཛིན་གཡང་སྒྲོན་ནི་ཨོ་རི་ས་གཞིས་ཆགས་ནས་ཡིན་པ་དང༌། འཛིན་གྲྭ་དྲུག་པ་ནས་བཅུ་པ་ཌལ་ཧོར་གཏན་སློབ་ཏུ་ཕྱིན་ཡོད་པ་རེད། ད་ལྟའི་ཆར་མོན་གྷོ་གཏན་སློབ་ C.S.T་ཡི་འཛིན་རིམ་བཅུ་གཉིས་ནང་དུ་ཚོང་ལས་སྐོར་ལ་སློབ་གཉེར་བྱེད་བཞིན་ཡོད་པ་རེད།

དྲི་བ། མ་འོངས་བོད་ཀྱི་རྐང་འཛིན་གཞོན་སྐྱེས་ཚོས་མི་རིགས་རང་གི་ཐུན་མིན་རིག་གཞུང་སྤྱི་དང༌། ལྷག་པར་བོད་ཀྱི་སྐད་ཡིག་འདི་ལ་གདེང་འཇོག་ཇི་འདྲ་ཡོང་གི་འདུག

Read more

བསྟན་འཛིན་བདེ་སྐྱིད།

གུས་མོའི་མིང་ལ་བསྟན་འཛིན་བདེ་སྐྱིད་ཟེར། ང་ནི་འཛིན་རིམ་དང་པོ་ནས་བཅུ་པ་བར་བྷེལ་ཀོབ་གཏན་འཇགས་སློབ་གྲྭར་སོང༌། དེ་ནས་འཛིན་རིམ་བཅུ་གཅིག་བཅུ་གཉིས་ཏ་མ་ན་མངའ་སྡེ་ཚན་རིག་འབྲིང་རིམ་སློབ་གྲྭ་ཐོན། ད་ལྟ་Acharya institute of technology ནང་E.B- computer science་བྱེད་བཞིན་ཡོད།

Read more

དགེ་འདུན་ཆོས་འཕེལ།

ངའི་མིང་ལ་དགེ་འདུན་ཆོས་འཕེལ་ཟེར་གྱི་ཡོད། ཁམས་སྐྱེ་རྒུ་མདོ་རུ་སྐྱེས་ཞིང་རང་ལོ་༨ ཐོག་ནས་སློབ་གྲྭར་སོང་སྟེ་ལོ་རིམ་བཅུ་པ་ཐོན། ༢༠༠༢ ལོར་རྒྱ་འགོག་རང་སྲུང་གི་ལས་འགུལ་ཁྲོད་ཞུགས་ནས་རྒྱ་དམར་གྱི་བཙོན་ཁང་དུ་དཀའ་སྡུག་མྱངས་དགོས་བྱུང༌། ༢༠༠༣ གྱི་ལོ་མཇུག་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ནས་ལོ་གསུམ་ཙམ་ལ་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་གཉེར་བྱས། ད་ལྟ་རང་གི་རྐང་པའི་སྒང་ལངས་ནས་མི་རིགས་དང་ཕ་ཡུལ་ལ་ཕན་པའི་ལས་འགུལ་ཁག་ལ་དངོས་བརྒྱུད་གཉིས་ཀྱི་སེམས་ཤུགས་མ་ཆག་པར་ཡོད།

Read more

ཁོང་ཚོ་ནི་བོད་ལ་འོད་སྣང་སྤྲོད་མཁན་ཞིག་རེད།

ལྡི་ལི་རུ་བོད་མི་དྲུག་གིས་ཟས་བཅད་ངོ་རྒོལ་ཐེངས་གཉིས་པ་བྱེད་བཞིན་པའི་སྐབས། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ལྕམ་ཨཱ་ཤཱ་རེ་གྲིའ་ལགས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་ཉིན་ལྔའི་རིང་ཟས་བཅད་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་དང༌། ཁོང་ནི་རྒྱུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་རེད།

ཁོང་གིས་ཟས་བཅད་ངོ་རྒོལ་གནང་ནས་ཉིན་བཞི་པའི་སྐབས་ལས་འགུལ་དེའི་ཐོག་ལ་ཚོར་བ་གང་ཡོད་པ་དང༌། དམིགས་ཡུལ་སྐོར་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན།

ང་རང་བོད་དོན་དང་འབྲེལ་བའི་ལས་འགུལ་མི་ཉུང་བ་ཞིག་གི་ནང་མཉམ་ཞུགས་བྱས་པ་ཡིན། ད་ཐེངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཟས་དང་ཆུ་གང་ཡང་མེད་པའི་ཟས་བཅད་ངོ་རྒོལ་གསལ་བསྒྲགས་བྱེད་དུས་ང་རང་ལ་ཡང་གོ་སྐབས་ཡག་པོ་འདུག་བསམ་བྱུང༌།

Read more
Page 147 of 155« First...145146147148149...Last »