སྲོལ་རྒྱུན་ཤེས་ཡོན་མེད་ན་དེའི་ཞན་ཆ་དེ་དེང་རབས་ཤེས་ཡོན་གྱིས་སྐོང་མི་ཐུབ།

བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་གསར་པའི་དཔེ་སྟོན་སློབ་གྲྭའི་མཛད་སྒོའི་ཐོག་གསུང་བཤད།

ཤེས་ཡོན་སྲིད་བྱུས་གསར་པའི་དཔེ་སྟོན་སློབ་གྲྭ་ཐོག་མ་དབུ་འབྱེད་མཛད་སྒོའི་ཐོག་རང་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བསྩལ་བའི་བཀའ་སློབ་འདི་ཧ་ཅང་གལ་ཆེན་པོར་མཐོང་ནས། འདི་ག་གསར་ཁང་ནས་ཕབ་བཤུས་ཀྱིས་ཆ་ཚང་བཀོད་ཡོད།

ཕྱི་ལོ་༢༠༠༥ ཟླ་༡༠ ཚེས་༡༠ ཉིན།

Read more

བྱང་ཆུབ་སྙིང་པོ།

བྱང་ཆུབ་སྙིང་པོ་ནི། མ་སུ་རི་གཏན་སློབ་ནས་འཛིན་གྲྭ་བཅུ་གཉིས་བར་སློབ་སྦྱོང་དང༌། དེང་སྐབས་བྷ་རོ་ཌ་མཐོ་སློབ་ལོ་རིམ་གཉིས་པ་ས་ཁམས་རིག་པའི་སྐོར་ལ་སློབ་སྦྱོང་བྱེད་མུས་རེད།

ཁོང་གིས་བཙན་བྱོལ་བོད་རིགས་ཀྱི་ཛ་དྲག་གནས་སྟངས་དང་མཐོ་སློབ་ཁག་ལ་ཟབ་སྦྱོང་གི་ཕན་ནུས་སྐོར་གསུང་དོན།

Read more

ཚེ་རིང་མཚོ་མོ།

ཤུག་གསེབ་བཙུན་དགོན་གྱི་དབྱིན་དགེ་ཚེ་རིང་མཚོ་མོ་ལགས་ནི། ལ་དྭགས་བོད་པའི་གཞིས་ཆགས་སུ་སྐྱེས་ཤིང༌། འཛིན་གྲྭ་བཅུ་པ་བར་ལ་དྭགས་བོད་ཁྱིམ་དང༌། འཛིན་རིམ་བཅུ་གཅིག་བཅུ་གཉིས་དྷ་སྟེང་བོད་ཁྱིམ། ལྡི་ལི་ནས་མཐོ་རིམ་སློབ་གཉེར་བྱས་ནས་དེང་སྐབས་དྷ་ས་ཤུག་གསེབ་བཙུན་དགོན་དུ་དབྱིན་ཡིག་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པ་རེད། ཁོང་གིས་བོད་རིགས་ཚང་མས་གཞན་ལ་རོགས་རམ་བྱེད་རྒྱུ་དེ་གལ་ཆེན་པོར་འཛིན་དགོས་སྐོར་གསུང་དོན།

Read more

ངག་དབང་རབ་རྒྱས།

ངག་དབང་རབ་རྒྱས་ནི། ཚ་བ་དཔའ་ཤོད་ནས་ཡིན་ཞིང་ད་ལྟའི་ཆར་བོད་ཀྱི་བང་ཆེན་གསར་ཤོག་གི་གསར་འགོད་པ་དང༌། ལྷ་དྭང་བླངས་ཚོགས་པའི་ལྡི་ལི་ས་གནས་ཀྱི་ལས་བྱེད་པའི་འགན་ཁུར་བཞིན་ཡོད་ལ། བརྒྱུད་ལམ་ཁག་ཏུ་ཆེད་རྩོམ་གང་མང་ཞིག་ཀྱང་སྤེལ་བཞིན་ཡོད།

Read more

བཙན་བྱོལ་ནང་ནད་པ་ཕལ་ཆེར་བརྒྱ་ཆ་ལྔ་བཅུ་ཙམ་ཊིས་བྷིས་རེད།

བོད་གཞུང་བདེ་ལེགས་སྨན་ཁང་གི་གློག་པར་དང་ཁྲག་ལུད་སོགས་བརྟག་ཞིབ་པ་བསོད་ནམས་རྡོ་རྗེ་ལགས་སུ་བཅར་འདྲི།

སྨན་པ་བསོད་ནམས་རྡོ་རྗེ་ལགས་ནི་ཕྱི་ལོ་༡༩༦༢ ལོར་བོད་ནས་རྒྱ་གར་དུ་ཕེབས་ཤིང༌། སྐབས་དེར་བོད་གཞུང་གིས་བཙུགས་པའི་ཀང་རཱ་སློབ་གྲྭ་རུ་ཟླ་ཤས་རིང་སློབ་སྦྱོང་གནང་རྗེས་རྒྱ་གར་ལྷོ་ཕྱོགས་མ་ཌི་ར་སི་རུ་ཕེབས་ནས་སློབ་སྦྱོང་གནང་སྟེ་༡༩༧༣ ལོར་སློབ་མཐར་ཕྱིན་མཚམས་ཧོང་སུར་གཞིས་ཆགས་སུ་མཉམ་སྦྲེལ་གྱི་ཕྱག་ལས་གནང༌། དེ་བཞིན་མཉམ་སྦྲེལ་གྱི་གོ་སྒྲིག་འོག་བྷེང་ལོར་དུ་ཟླ་བ་གསུམ་རིང་འགོ་ཁྲིད་ཀྱི་བྱེད་སྒོའི་སྐོར་སློབ་སྦྱོང་བྱས། དེ་ནས་ཡང་མ་ར་ཌ་ནས་སྦྱིན་བདག་བྱས་པའི་འོག་མེ་སོར་དུ་ཁྲག་ལུད་བརྟག་དཔྱད་ཀྱི་ཟབ་སྦྱོང་གྲུབ་རྗེས། ༡༩༧༥ ནས་ཧོང་སུར་ཕན་བདེ་སྨན་ཁང་དུ་ཕྱག་ལས་གནང་ནས་ལོ་གསུམ་དང་ཟླ་བ་གཉིས་ཙམ་ཕྱིན་མཚམས་སྨན་ཁང་རྒྱ་ཆེ་བ་དང་དཔལ་འབྱོར་གྱི་དཀའ་ངལ་འོག་གཞུང་གིས་ལས་བྱེད་ཉུང་འཕྲི་གནང་སྟེ་ཁོང་དང་སྨན་པ་གཞན་གཉིས་བཅས་མི་གསུམ་ཕྱིན་འཐེན་གནང་བར་བརྟེན། འོས་ཤོག་བླུགས་པ་བརྒྱུད་ལོ་གཅིག་རིང་མཉམ་སྦྲེལ་གྱི་ཚོང་ཁང་དུ་ཕྱག་ལས་གནང༌།

Read more

བསྟན་འཛིན་བརྩོན་འགྲུས།

བོད་ཀྱི་ན་གཞོན་རྩོམ་པ་པོ་དང་བོད་དོན་ལས་འགུལ་བ་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་སྐུ་ཚབ་ཐེངས་བཞི་པ་ཕེབས་པའི་སྐོར་ལས་འཕྲོས་པའི་དགོངས་ཚུལ།

སྐུ་ཚབ་ཐེངས་བཞི་བས་རྒྱ་མིའི་དཔོན་རིགས་དང་མཉམ་དུ་སྐད་ཆ་བྱུང་བ་རེད་ཅེས་གསར་འགྱུར་གྱི་བརྒྱུད་ལམ་ཁག་ཏུ་ཤུགས་ཆེན་པོ་ཐོན་སོང༌།

Read more

ཧིན་བོད་མཛའ་ཚོཊ་རིམ་པས་ཇེ་ཞན་དུ་གྱུར་པར་རྒྱུ་མཚན་མང་པོ་ཡོད་པ་རེད།

ཁྲིམས་ལུགས་མཁས་པ་སྐུ་ཞབས་ར་ཀེ་ཤི་ཎ་ར་ཡན་མཆོག་ལ་དབྱིན་སྐད་ཀྱི་ཐོག་ནས་བཅར་འདྲི་དང་བོད་བསྒྱུར་བྱས།

ཁྲིམས་ལུགས་མཁས་པ་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ར་ཀེ་ཤི་ན་ར་ཡན་མཆོག་ནི་ཆུང་དུས་ནས་ཕ་དང་མཉམ་དུ་ཧ་རི་པུར་ནས་དྷ་སར་ཕེབས་ཏེ་སློབ་གྲྭར་ཞུགས་ནས་རིམ་པས་(BSC)སློབ་ཐོན་རྗེས་སིམ་ལར་ལོ་༥ གཞུང་ཞབས་དང༌། ཞོར་དུ་ཁྲིམས་ལུགས་ཐོག་སློབ་གཉེར་བྱས་ཏེ་༡༩༧༥ ལོར་སློབ་མཐར་ཕྱིན་འཕྲལ་གཞུང་ཞབས་ནས་དགོངས་པ་ཞུས། དེའི་སྐབས་རྒྱ་གར་རྒྱལ་ཡོངས་སུ་ཛ་དྲག་གིས་མྱུར་སྐྱོབ་ལས་འགུལ་ཞིག་སྤེལ་བཞིན་པར་བརྟེན། གཞོན་ནུའི་ལས་འགུལ་ནང་ཞུགས་ནས་རིམ་པས་ཧི་མ་ཅལ་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་དང་ལོ་༤ ལས་ཁུར་ཞུས། དེ་དང་ཆབས་ཅིག་ཧིན་བོད་མཛའ་འབྲེལ་ཚོགས་པ་གསར་འཛུགས་བྱེད་རྒྱུར་རོགས་སྐྱོར་དང་ཚོགས་པའི་དྲུང་ཆེའི་ལས་ཁུར་ཡང་ཞུས་པ་མ་ཟད། ད་ལྟ་ཡང་མུ་མཐུད་ཚོགས་པ་དེར་གཞོགས་འདེགས་ཞུ་མུས་རེད།

Read more

བོད་རིཊ་ཡིན་ནོ་ཅོག་ལ་རང་སྐྱོང་གི་གནས་བབས་གཅིག་གྱུར་ཞིག་ཡོང་དགོས།

བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་ལམ་དབུ་མའི་སྲིད་བྱུས་སྐོར་གྱི་བཅར་འདྲི།

དྲི་བ། ལམ་དབུ་མ་དེ་ྋགོང་ས་མཆོག་གི་དགོངས་གཞི་དང་བོད་མི་མང་གི་རེ་འདུན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་བྱུས་རླབས་ཆེན་ཞིག་ཡིན་ཡང༌། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་དེ་ཙམ་གྱི་དོ་སྣང་དང་རྒྱུས་མངའ་མེད་པའི་རྣམ་པ་ཞིག་མཐོང་གི་འདུག་ན། ལམ་དབུ་མའི་ངོ་བོ་དང་དགེ་མཚན་བཅས་ངོ་སྤྲོད་ཅིག་གནང་རོགས།

Read more

ངའི་སློབ་མའི་ནང་ནས་ལྷ་བཟོ་མཁས་པ་མང་པོ་བྱུང་ཡོད།

ལྷ་བྲིས་མཁས་ཆེན་རྒན་སངས་རྒྱས་ཡེ་ཤེས་ལགས་སུ་བཅར་འདྲི།

ལྷ་བྲིས་མཁས་ཆེན་རྒན་སངས་རྒྱས་ཡེ་ཤེས་ནི་ཁམས་ཏྲེ་ཧོར་རྫ་ཁོག་ཏུ་འཁྲུངས་ཤིང༌། ལྷ་བྲིས་མཁས་ཆེན་བློ་བཟང་དོན་གྲུབ་ཀྱི་ཞབས་ལ་གཏུགས་ནས་ལོ་༡༤ རིང་ལྷ་བྲིས་སྒྱུ་རྩལ་ལ་སྦྱངས་པ་གནང་ཡོད་པ་དང༌། བཙན་བྱོལ་དུ་ཕེབས་ནས་ཀྱང་ལྷ་བྲིས་ཀྱིས་ཕྱག་ལས་གནང་ནས་བོད་ཀྱི་སྲོལ་རྒྱུན་སྨན་བྲིས་སྒྱུ་རྩལ་ལ་དགུང་གྲངས་༡༤ ནས་༨༢ བར་མི་ལོ་༦༨ རིང་རིགས་གཅིག་རྐང་འཛིན་གྱིས་སློབ་སྦྱོང་དང་རྒྱུན་འཛིན་སློབ་མ་གྲངས་མང་སྐྱེད་སྲིང་གནང་བ་སོགས་བོད་ཀྱི་ཐང་བྲིས་སྒྱུ་རྩལ་ལ་ཕྱག་རྗེས་བླ་མེད་བཞག་ཅིང་ད་ཆ་དགུང་གྲངས་༨༢ སུ་ཕེབས་པའི་ལྷ་བྲིས་མཁས་དབང་ཞིག་ཡིན།

Read more

དགྲ་ཆེ་ཤོས་དེ་རང་ཉིད་ཡིན་པ་ཤེས་དགོས།

དེ་རིང་འདིར་ཁ་གཏད་དམ་དགྲ་ཆེ་ཤོས་དེ་རང་ཉིད་ཡིན་ཞེས་འབྲི་བའི་སྐབས་ཐེ་ཚོམ་སྐྱེ་དགོས་པ་ཞིག་ནི། སྐད་ཆ་འདི་ཉིད་ང་ཚོའི་སྤྱི་ཚོགས་ཀྱི་མགོ་ནས་མཇུག་བར་གྱི་མི་མང་དྲག་ཞན་བར་མ་ཀུན་གྱི་རྣ་བར་འགྲོ་དཀའ་བ་དེ་ཡིན། འོན་ཀྱང་དོན་དངོས་ཐོག་སྐད་ཆ་འདི་ལ་རང་ངོས་ནས་ཡིད་ཆེས་དང་གདེང་ཚོད་ཡོད་པའི་ཐོག་ནས་བརྗོད་འདོད་བྱུང༌།

Read more
Page 148 of 152« First...146147148149150...Last »