ལྡི་ལི་ནས་བོད་མི་ངོ་རྒོལ་ཁྲོམ་སྐོར་བ་རྒྱ་གར་ཉེན་རྟོག་པས་བཀག་འགོག

དེ་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་ལྡི་ལི་ལ་འཚམས་གཟིགས་སུ་སླེབས་ཡོད་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ངོ་རྒོལ་ཁྲོམ་སྐོར་བྱེད་མཁན་རྣམས་རྒྱ་གར་ཉེན་རྟོག་པས་ལམ་བར་ནས་བཀག་འགོག་བྱེད་ཀྱི་ཡོད་པ་རེད།

སངས་རྒྱས་ཀྱི་ཐག་ཉེར་བཅར་བའི་མི།

ཁར་རྩང་ཁར་ཉིན་སྤྱིར་བཏང་བཤད་ན།རང་ཉིད་ལུས་སེམས་ངལ་དུབ་ཀྱིས་མནན་པའི་དུས་ཚོད་ཅིག་ཡིན།རྒྱལ་ས་ལྡི་ལིའི་དྲོད་ཚད་ཨང་བཞི་བཅུ་ཞེ་གཉིས་ལ་སླེབས་པའི་ཚད་གདུགས་ནི་དེ་བས་ཀྱང་ཧ་ཅང་མ་གོམས་པ་ཞིག་རེད།འོན་ཀྱང་།

ཁམས་དཔལ་ཡུལ་རྫོང་ཁོངས་ནས་བོད་མི་བཞི་འཇུ་བཟུང་།

སིད་སུར་གནས་སྡོད་འཆི་མེད་སངས་རྒྱས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་༤ ཚེས་༢༡ ཉིན་གྱི་ཕྱི་དྲོ། ཁམས་དཀར་མཛེས་ཁུལ། དཔལ་ཡུལ་རྫོང་། མངའ་འབངས་ཁྲོམ་ཐར་འབར་ཆུང་སྡེ་པའི་ཐུབ་དགའ་དང་། ག་དེ། སྐྱ་མོ། འཇམ་དབྱངས་བཞི་རྒྱ་ནག་གཞུང་གི་ཉེན་རྟོག་པས་གློ་བུར་དུ་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག

ངས་བར་མའི་འོས་བསྡུ་འདི་ཁྲིམས་མཐུན་ཞིག་མཐོང་གི་མི་འདུག

ཟླ་འདིའི་ཕྱི་ཚེས་༢༡ ཉིན་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་བསྡུའི་དངོས་གཞིའི་འོས་མི་གསུམ་གཏན་འབེབས་བྱས་ཡོད་པའི་གསལ་བསྒྲགས་སྤེལ་བ་དང་། སྔོན་འགྲོའི་འོས་ཐོབ་ཨང་གཉིས་པ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་འོས་བསྡུ་འདི་ཁྲིམས་དང་མཐུན་གྱི་མི་འདུག་ཅེས་འོས་མི་ལས་དགོངས་པ་ཞུས་ཡོད་པ་རེད།

༧གོང་ས་མཆོག་གི་འཁྲུངས་གཞིས་ཉམས་གསོ་བྱ་འཆར།

རྒྱ་གཞུང་གིས་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་རྒྱུའི་ལས་གཞིའི་འོག་བོད་ཀྱི་ས་ཁུལ་མང་པོར་ལས་ཞིག་སྣ་ཚོགས་ཤིག་སྤེལ་གྱི་ཡོད་པ་ལྟར། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་འཁྲུངས་ཡུལ་སྟག་མཚེར་གྲོང་ཚོར་ཡང་ལས་གཞི་དེ་སྤེལ་ཏེ་སྔོན་གྱི་འཁྲུངས་ཡུལ་གྱི་རྣམ་པ་དེ་མེད་པ་བཟོ་འཆར་ཡོད་འདུག

བོད་མི་ཞིག་ལ་ལོ་གཉིས་རིང་དུས་བཀག་ཁྲིམས་ཆད།

ཟླ་ འདིའི་ཚེས་༢༣ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ལོ་༢༠༡༢ ཟླ་༡༠ ཚེས་༦ ཉིན་ཏེ། ཁམས་འབྲི་རུ་ནས་ཡིན་པའི་དགུ་འགྲུབ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་ མེར་སྲེག་བཏང་ནས་ཉིན་གཉིས་ཀྱི་རྗེས། དགུ་འགྲུབ་ཀྱི་ཚ་བོ་བཀྲ་ཤིས་ཆོས་དབང་དང། ཨ་བུ་བསོད་ནམས་གཉིས་དང་ལྷན་དུ་མི་འགའ་ཞིག་འཇུ་བཟུང་བྱས་ཡོད་འདུག་པའི་ནང་ནས། འབྲི་རུ་རྫོང་འབྲི་རུ་ཡུལ་ཚོ། མོ་པ་གྲོང་ཚོ་ནས་ཡིན་པ། ནམ་རྒྱུན་ལྷ་སར་གནས་སྡོད་བྱེད་མཁན། ཨ་བུ་བསོད་ནམས་ཀྱི་ཨ་ཁུ་རྡོ་རྗེ་ཞེས་པ་འཇུ་བཟུང་བྱས་ཏེ་ད་ལྟ་ལྷ་སའི་ཉེ་ འགྲམ་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཡོད་པའི་བཙོན་ཁང་ཞིག་ནང་ལོ་གཉིས་ཀྱི་ ཁྲིམས་ཐག་བཅད་ཡོད་འདུག་ཅིང། ཁྲིམས་ཐག་བཅད་པའི་ཚེས་གྲངས་སོགས་ཁ་གསལ་ཤེས་རྟོགས་མི་ཐུབ་པ་མ་ཟད། རོགས་པ་གཞན་རྣམས་ཀྱི་མིང་དང་ལོ་གྲངས་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ ཕྲ་ཤེས་རྟོགས་གང་ཡང་མེད་པ་རེད།  རྡོ་རྗེའི་ཕ་མིང་ལ་འབྲས་ལྷུག་དང་མ་མིང་ལ་ཀླུ་མོ་ཚེ་སྐྱིད་ཟེར་གྱི་ཡོད་པ་ དང་། སྤྱིར་དེང་སང་འབྲི་རུ་རྫོང་དུ་ཕྲ་འཕྲིན་སོགས་ཀྱི་བརྒྱུད་ལམ་བཀག་ནས་ས་གནས་ས་ ཐོག་ཏུ་འབྲེལ་བ་བྱ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་པ་རེད།

ཁམས་འབྲི་རུའི་རྩོམ་པ་པོ་ཞོགས་དྲིལ་དང་ཁོང་གི་གྲོཊ་པོ་འཇུ་བཟུང་།

འབྲེལ་ ཡོད་ཀྱིས་འདི་གར་ཁུངས་ལྡན་གནས་ཚུལ་བཏང་གསལ་ལྟར་ན། བོད་ཤར་ཕྱོགས་ཁམས་ནགས་ཤོད་འབྲི་རུ་རྫོང་གི་ན་གཞོན་རྩོམ་པ་པོ་ཚུལ་ཁྲིམས་ རྒྱལ་མཚན་ནམ་པིར་མིང་ལ་ཞོགས་དྲིལ་དང་། ཁོང་གི་གྲོགས་པོ་གཡུལ་རྒྱལ་གཉིས་རྒྱ་གཞུང་གི་རྫོང་ཉེན་རྟོག་པས་འཇུ་བཟུང་ བྱས་འདུག

བོད་མདོ་སྨད་རྔ་པ་རུ་རང་ལུས་མེར་སྲེག་གི་རྒྱ་རྒོལ།

  ཕྱི་ཟླ་༩ ཚེས་༢༨ ཉིན་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་རྔ་པ་རྫོང་། སྒོ་མང་ཡུལ་ཚོའི་སྒོ་མང་མཐའ་བ་རུ་རང་ལོ་༤༡ ཡིན་པའི་མི་སྐྱ་ཞི་ཆུང་གིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོ་བྱས་ཏེ། སྐུ་གྲོངས་ཡོད་པ་རེད།

ཁམས་རྟའུའི་བོད་མི་ཞིག་འཛིན་བཟུང་།

རྒྱ་གཞུང་གིས་ཁམས་རྟའུ་ཁུལ་གྱི་བོད་མི་རིན་ཆེན་དར་རྒྱས་ཟེར་བ་ཞིག་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུའི་ཕུང་པོ་བདག་པོ་བརྒྱབ་པ་སོགས་ཀྱི་ཉེས་མིང་འོག གློ་བུར་དུ་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།