བལ་ཡུལ་འཇང་དགུན་ཆོས་ཐེངས་བདུན་པ་ལེགས་འགྲུབ་བྱུང་བ།

nepalའདི་ག་བལ་ཡུལ་ཁུལ་གྱི་དོལ་རྒྱལ་དང་འབྲེལ་མེད་དགེ་ལྡན་རིང་ལུགས་འཛིན་པའི་འདུས་སྡེ་དགོན་པ་གྲྭ་ཚང་ཁག་གི་ནང་གཞུང་ཆེན་མོའི་ནང་དོན་ཤེས་རྟོགས་ཡོང་སླད།

བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལོ་ལྟར་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་འདི་ཉིད་ཚོགས་དང་འཚོགས་བཞིན་པ་ཡིན། འདི་ལོ་ཡང་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་ཐེངས་བདུན་པ་འདི་ནི། ཕྱི་ལོ་ ༢༠༡༦ བོད་ ཟླ་༨ ཚེས་ ༡༡ ཉིན་ནས་བདུན་ཕྲག་གཉིས་ཀྱི་རིང་གནས་མཆོག་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁྲིས། ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་གྲྭ་ཚང་དུ་དགེ་ལྡན་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་སངས་བསྟན་རིན་པོ་ཆེ་མཆོག་གི་གཙོས་ལས་བྱེད་ཡོངས་ཀྱི་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་གྲ་སྒྲིག་གཟབ་རྒྱས་ངང་ཚོགས་ཐུབ་པ་བྱུང་ཡོད། དེ་ཡང་འཇང་དགུན་ཆོས་ལ་ཕེབས་མཁན་སློབ་གཉེར་བ་ནི།

གཞུང་དགོན་བསམ་གཏན་གླིང་གྲྭ་ཚང་གི་སློབ་གཉེར་བ།       ཀོ་པཎ་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང་གི་སློབ་གཉེར་བ། ཤེལ་དཀར་ཆོས་སྡེ་དགེ་ལྡན་ལེགས་བཤད་གླིང་གྲྭ་ཚང་

གི་སློབ་གཉེར་བ། ཤྲཱི་ཆུ་བཟང་བསམ་གཏན་ཡང་རྩེ་གྲྭ་ཚང་གི་སློབ་གཉེར་བ།ཆུ་དབར་འགྲོ་ཕན་གླིང་གྲྭ་ཚང་གི་སློབ་གཉེར་བ།སྒོ་སོག་ཕུན་ཚོགས་ཆོས་གླིང་གྲྭ་ཚང་གི་སློབ་གཉེར་བ།གྲུབ་དགོན་ཐུགས་རྗེ་ཆོས་གླིང་གྲྭ་ཚང་གི་སློབ་གཉེར་བ། དགའ་ལྡན་བྱམས་མགོན་གླིང་གྲྭ་ཚང་གི་སློབ་གཉེར་བ།

བོ་དོང་ཆོས་བརྒྱུད་སྤོ་རོང་དཔལ་མོ་ཆོས་སྡིངས་གྲྭ་ཚང་གི་སློབ་གཉེར་བ། འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་གི་སློབ་གཉེར་བ་དང་ཞེ་ཆེན་དགོན་པའི་སློབ་གཉེར་བ་བཅས་ཁྱོན་བསྡོམ

ས་སློབ་གཉེར་བ་གྲངས་༤༥༠ ཉེ་བ་མཉམ་འཛོམས་ཐུབ་པ་བྱུང་ཡོད། འདི་ལོ་སྲོང་བཙན་མཐོ་སློབ་དང་རྣམ་རྒྱལ་མཐོ་འབྲིང་གཉིས་ཀྱི་སློབ་ཕྲུག་༣༠༠ ལ་ཉེ་བས་ཉིན་ཤས་རིང་རྩོད་པར་མཉམ་ཞུགས་གནང་ནས་ཕན་ཚུན་རིགས་ལམ་གོ་རྟོགས་སྤེལ་རེས་གནང་ཡོད།དེ་ཡང་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བལ་ཡུལ་གཞུང་འབྲེལ་དགོན་པ་ཡར་རྒྱས་ཚོགས་པའི་ཚོགས་གཙོ་དང་། དམིགས་བསལ་སྐུ་མགྲོན་རང་གཞུང་སྐུ་ཚབ་དོན་གཅོད་མཆོག་གི་སྐུ་ཚབ་དང་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་ཐུབ་བསྟན་འཇིགས་སྒྲོལ་མཆོག་དང་༧སྐྱབས་རྗེ་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་ཁྱབ་ཁོངས་དགོན་པ་ཁག་གི་མཁན་རིན་པོ་ཆེ་དང་འགན་འཛིན་ཕྱག་མཛོད་རྣམ་པ།

དགེ་བསྐོས། ཤེས་ཡོན་འགན་འཛིན།དཔེ་ཁྲིད་རྒན་ལགས། རིས་མེད་ཆོས་བརྒྱུད་ཁག་གི་སྐུ་ཚབ། སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པ།

འབྲེལ་ཡོད་བསྟན་པའི་སྦྱིན་བདག་ཁག་དང་འཇང་དགུན་ཆོས་ཀྱི་སློབ་གཉེར་བ་བཅས་ཚོགས་ཞུགས་པ་གྲངས་ཆིག་སྟོང་ལྷག་ལྷན་འཛོམས་ཐོག་ཐོག་མར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཆོད་སྤྲིན་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིར་བཞུགས་སུ་གསོལ་བ་དང་། ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་

གླིང་གྲྭ་ཚང་གི་དབུ་མཛད་མཆོག་ནས་ཡན་ལག་བདུན་པ་མནྜལ་བཅས་དབུ་སྐུལ་གནང་བ་དང་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་། སྐུ་མགྲོན་གཙོ་བོ་བཅས་ནས་༧རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྐུ་མགྲོན་དང་འདུས་མང་ཡོངས་ལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས། དེ་རྗེས་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་ཀུན་རྩེ་རིན་པོ་ཆེ་མཆོག་ནས་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་འདི་ཉིད་འཚོགས་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་སོགས་མཛད། དེ་ནས་ཤེལ་ཆོས་གྲྭ་ཚང་གི་སྐུ་ཚབ་དགེ་བཤེས་ངག་དབང་སྐལ་བཟང་ལགས་ནས་མཚམས་འདྲིའི་གསུང་བཤད་གནང་རྗེས། དམིགས་བསལ་སྐུ་མགྲོན་བལ་ཡུལ་གཞུང་འབྲེལ་དགོན་པ་ཡར་རྒྱས་ཚོགས་པའི་

ཚོགས་གཙོ་ཀརྨ་ལེགས་བཤད་མཆོག་དང་། རང་གཞུང་སྐུ་ངོ་དོན་གཅོད་མཆོག་གི་སྐུ་ཚབ།བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་ཐུབ་བསྟན་འཇིགས་སྒྲོལ་མཆོག་ནས་བསྔགས་བརྗོད་ཀྱི་བཀའ་སློབ་གནང་། དེ་ནས་ལྷན་ཚོགས་ཀྱི་དྲུང་ཆེ་ངག་དབང་བཟོད་པ་ནས་ཐུགས་རྗེ་ཆེའི་གསུང་བཤད་གནང་རྗེས། སྐུ་མགྲོན་དང་འདུས་མང་ཡོངས་ལ་ཉིན་གུང་གསོལ་ཚིགས་གཟབ་རྒྱས་ཕུལ་ནས་མཛད་སྒོ་མཇུག་སྒྲིལ་གནང་།

 

དེ་ནས་ཉིན་གྲངས་བཅུ་བཞིའི་རིང་སློབ་གཉེར་བ་ཡོངས་ནས་རྩོད་པ་དང་འཛིན་གྲྭ་རྩོད་པ།དམ་བཅའ་ཆེན་མོ་བཅས་ལ་ཉིན་ལྟར་རྩོད་པ་ལ་འབད་བརྩོན་ལྷོད་མེད་ངང་དྭོགས་གཅོད་ཀྱི་རྩོད་པ་ལྷུག་པོར་གནང་བ་དང།དམ་བཅའ་ཆེན་མོའི་སྐབས་གྲྭ་ཚང་ཕན་ཚུན་རྩོད་པ་གཏུག་གཤེར་ནན་པོའི་ངང་སློབ་གཉེར་བ་རྣམས་མཚན་ཉིད་ཀྱི་རྩོད་པ་ལ་སྤྲོ་བ་དང་།འབད་བརྩོན་སྔར་ལས་ལྷག་པར་འཕེལ་བའི་ཐབས་ལམ་ཞུ་ཐུབ་པ་བྱུང་།ཆོས་ཐོག་འདིའི་སྐབས་དཔེ་ཁྲིད་རྒན་བཅུ་བཞི་དང་ཆོས་ཐོག་རྒན་པ་བཅུ། གཞུང་དགོན་སྐྱིད་གྲོང་བསམ་གཏན་གླིང་དགོན་གྱི་དགེ་བསྐོས་སོགས་དང་གྲྭ་ཚང་ཁག་གི་ཆོས་ཐོག་རྒན་པ་བཅས་ནས་རྩོད་པར་གཟིགས་རྟོག་ནན་པོར་གནང་ནས་འཇང་དགུན་ཆོས་ཐེངས་བདུན་པ་འདི་ཉིད་སྒྲིག་འཛུགས་དང་ལྡན་པའི་ངང་ཚོགས་ཐུབ་པ་བྱུང་བ་དང་།

མཇུག་བསྡོམས་མཛད་སྒོའི་ཐོག་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་ཀུན་རྩེ་རིན་པོ་ཆེ་མཆོག་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སེར་སྨད་གཙང་པ་རྒན་ཐུབ་བསྟན་རིན་ཆེན་མཆོག་ཤེལ་དཀར་ཆོས་སྡེ་གྲྭ་ཚང་གི་གྲྭ་རྒྱུན་ནས་ཕེབས་པར་སོང་འདི་གའི་ཤེལ་ཆོས་གྲྭ་ཚང་ནས་དམིགས་གསལ་གདན་ཞུ་ཕུལ་བ་ལྟར་སྐུ་ངལ་ལ་མ་འཛེམས་པར་རྩོད་པ་དང་དམ་བཅའ་ཆེན་མོ་བཅས་ལ་ཞབས་ཀྱིས་བཅགས་ནས་གཟིགས་རྟོག་བསྐྱངས་པར་བཀྲིན་ཆེ་ཞུ་དང་། མ་འོངས་པར་ཡང་ཆིབས་བསྒྱུར་ཡོང་བའི་གསོལ་འདེབས་ནན་པོ་ཕུལ་རྗེས་ཁྱབ་ཁོངས་དགོན་སྡེ་ཁག་གི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམ་པ།ཁྲིམས་བདག་དགེ་བསྐོས་རྣམ་པ།ཆོས་ཐོག་རྒན་པ་གྲྭ་མང་བཅས་ལ་ཐུགས་རྗེ་ཆེ་ཞུ་དང་། ལྷག་པར་ཤེལ་དཀར་ཆོས་སྡེ་གྲྭ་ཚང་གི་མཁན་བླ་དགེ་ལས་ཡོངས་ལ་དམིགས་བསལ་ཐུགས་རྗེ་ཞུ་གསུངས། དེ་རྗེས་སློབ་སྟོན་པ་བགྲེས་པ་༧སྐྱབས་རྗེ་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་ནས་བཀའ་སློབ་ལམ་སྟོན་གནང་བ་དང་། ཤེལ་དཀར་ཆོས་སྡེ་གྲྭ་ཚང་གི་ཕྱག་མཛོད་ཐུབ་བསྟན་ཀུན་མཁྱེན་ལགས་ནས་འཇང་དགུན་ཆོས་ཀྱི་རྩིས་ཁྲ་ཁམས་དྭངས་སྙན་སྒྲོན་ཞུས།དེ་རྗེས་དམ་བཅའ་ཆེན་མོར་དམ་བཅའ་འཇོག་གནང་མཁན་གྲངས་ཉེར་བརྒྱད་ལ་གཟེངས་བསྟོད་ལེགས་འབུལ་གནང་བ་དང་དེ་རྗེས་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་ནས་རྒྱུན་ལས་ཡོངས་ཀྱི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུས་རྗེས་རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་དང་བཀྲ་ཤིས་ཚིགས་བཅད་འུར་འདོན་ངང་གསུངས་ནས་ཆོས་ཐོག་ལེགས་པར་མཇུག་སྒྲིལ་གནང་ངོ།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 277

Leave a Reply