བོད་དགེའི་ས་མིག

ངྷེ་ར་དུན་དང་ཐག་ཉེ་བའི་ས་སྐྱ་མ་དགོན་བཤད་གྲྭ་ཐུབ་བསྟན་རྣམ་རྒྱལ་གླིང་དུ་བོད་ཡིག་དགེ་རྒན་གཅིག་དགོས་པས་ཆ་རྐྱེན་ཚང་ཞིང་འདོད་བློ་ཡོད་མཁན་ཚོས་འབྲེལ་བ་གནང་རོགས།

༡༽དོ་བདག་ལ་རིག་གནས་རབ་འབྱམས་པའི་ཕྱག་ཁྱེར་ཡོད་པའམ་དེ་དང་ཚད་མཉམ་ཡོན་ཚད་དཔང་འཕེར་ལྡན་པ།
༢༽ དགེ་རྒན་འོས་སྦྱོང་ཐོབ་པའམ་ཡང་ན་བོད་དགེ་ལོ་གཉིས་ལྷག་བྱས་པའི་ཉམས་མྱོང་ཡོད་མཁན་ལ་དམིགས་བསལ་ཡོད།
༣༽ དོ་བདག་གིས་ཉུང་མཐའ་ལོ་གསུམ་རིང་ཕྱག་ལས་གནང་ཐུབ་པ།
༤༽ གཟུགས་གཞི་བདེ་ཐང་ཡིན་པའི་ཚད་འཛིན་སྨན་པའི་ངོས་སྦྱོར་བཅས་དགོས།
མཐུན་རྐྱེན། ལས་ཤག་སྤུས་ལེགས་གཅིག་དང་། ཟ་མ། ཟླ་ཕོགས་ཧིན་སྒོར་ཆིག་ཁྲི་ནས་འགོ་བཙུགས་ཏེ་དུས་ཚོད་ངེས་ཅན་ནང་སྤར་ཆ་ཡོད།
ཕྱི་ལོ་༢༠༡༦/༡༠/༢༢ ལ།

འབྲེལ་གཏུགས་ཁ་པར་+919805466560. +7018331559

སྐད་འཕྲིན། Sakya88888888

གློག་འཕྲིན། choenyima@gmail.com

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 650

Leave a Reply