ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དུ་རྒྱ་སྐད་གསར་འགོད་པ་ས་སྟོང་གཉིས་ཀྱི་གསལ་བསྒྲགས།

 ༄༅། །ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ནང་གསར་འགོད་པ་གཉིས་ཀྱི་ས་མིག་སྟོང་པ་ཡོད་པས་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ནས་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པའི་མཚན་ཐོག་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༧ འགྱངས་མེད་འཚང་སྙན་འབུལ་འབྱོར་ཟིན་པ་དགོས་རྒྱུ།

ཡིག་རྒྱུགས་ནང་འཛུལ་ཞུགས་གནང་མཁན་ཚོར་གཤམ་འཁོད་ཆ་རྐྱེན་ཁག་ངེས་པར་དུ་ཚང་དགོས།

༡༽ བོད་མིའི་དྭངས་བླངས་དཔྱ་དངུལ་ལག་དེབ་དང༌། རྒྱ་གར་སྐྱབས་བཅོལ་ལག་ཁྱེར་ RC ཡང་ན། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་གང་རུང༌།

༢༽ བོད་ཕྱི་ནང་དང༌། རྒྱ་གར། རྒྱལ་སྤྱིའི་གནས་སྟངས་སོགས་ལ་ཤེས་ཚད་གང་ལེགས་ཡོད་པ།

༣༽ བོད་རྒྱ་འམ་དབྱིན་རྒྱ་གཉིས་ཀྱི་ཤེས་ཚད་ལེགས་པོ་ཡོད་པ།

༤༽ རྒྱ་ནག་གི་སྤྱི་སྐད་ཀྱི་སྒྲ་གདངས་གསལ་པོ་དང་ཀློག་བཟང་པོ་ཡོད་པ།

༥༽ གསར་འགོད་པར་འདེམས་ཐོན་བྱུང་ཚེ་ཟླ་བ་དྲུག་རིང་ཚོད་ལྟ་དང༌། དེ་རྗེས་རླུང་འཕྲིན་ཁང་དུ་ཉུང་མཐར་ལོ་གསུམ་རིང་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་པ།

  • གསར་འགོད་པའི་ལས་རིགས་ཐོག་ཉམས་མྱོང་ཡོད་པ་དང་སློབ་སྦྱོང་ཐོན་པ་ལ་དམིགས་བསལ་ཡོད།

གོང་གསལ་ཆ་རྐྱེན་ལྡན་པ་དང༌། གསར་འགོད་པའི་ལས་དོན་ནང་ཞུགས་འདོད་ཡོད་རིགས་རྣམས་ཚུད་རྒྱུགས་ནང་ཞུགས་རྒྱུའི་ཆེད། རང་གི་ལོ་རྒྱུས་སྙིང་བསྡུས་འཁོད་པའི་ཞུ་སྙན་དང༌། གོང་གསལ་ཆ་རྐྱེན་གྱི་ཁུངས་སྐྱེལ་ཡིག་ཆ་ཁག སློབ་སྦྱོང་ཐོན་པའི་ལག་ཁྱེར་སོགས་ཀྱི་ངོ་བཤུས་བཅས་གོང་གསལ་དུས་ཚེས་ནང་འགོད་འབུལ་ཞུ་དགོས།

Address:

EDITOR CHINESE SECTION

VOICE OF TIBET

RATOE CHUWAR LABRANG

SESSION ROAD

H.P.  176215

DHARAMSALA

Ph: 01892-222384 / 226471 / 228179

Email: editor@vot.org

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 150

Leave a Reply