༡༩༧༥། འཛམ་གླིང་མི་དམངས་ལ་བོད་མི་ངོ་སྤྲོད་ཞུས་པ།

ཀ་ཛུ་ཀོ། ཏ་ཙུ་མུ་ར། ཧིལ་ལ་ཡེར། (ཨང་༡༡༨)

ནིའུ་ཡོག་རྒྱལ་ས། ངས་༧གོང་ས་མཆོག་༡༩༧༢ ལོར་མཇལ་བ་ནས་ཟུང་(ལེ་མཚན་གསུམ་པ་དང་བཞི་པར་གཟིགས) ངས་བོད་པར་ཤ་ཚ་འམ་བརྩེ་བ་ཆེན་པོ་ཞིག་སྐྱེས། དཀའ་ངལ་མང་པོ་ཞིག་གི་འོག་ངས་བོད་ཀྱི་ཨ་ཅེ་ལྷ་མོའི་ཚོགས་པ་(ད་ལྟའི་རྡ་རམ་ས་བོད་ཀྱི་ཟློས་གར་ཚོགས་པ་)དེ་༡༩༧༥ ནང་འཛམ་གླིང་ལ་ངོ་སྤྲོད་ཞུས། (དེ་སྐོར་ལོ་རྒྱུས་༥ པར་གཟིགས) དེ་སྔ་བྱུང་མ་མྱོང་བ་བོད་མི་རྣམས་རང་གནས་བཞག་ནས་ཕྱི་རྒྱལ་དུ་ཐོག་མར་བསྐྱོད། འཁྲབ་སྟོན་པ་ཉི་ཤུ་རྩ་བཞི་ནས་ཡོ་རོབ་དང་ཨ་རི་བཅས་ལ་ཐེངས་དང་པོར་སྐོར་བསྐྱོད་བྱས། དཀའ་ངལ་ཧ་ཅང་མང་པོའི་འོག་ངས་ཁོང་རྣམས་བདུན་གཉིས་རིང་རྒྱལ་ཁབ་བཞི། ཨོ་སི་ཀྲོ་རི་ཡའི་རྒྱལ་ས་ཝི་ཡ་ན། དེ་རྗེས་ནི་དར་ལེན། འཇར་མེ་ནི། སུ་ཛ་ལེན་བཅས་ལ་འཁྲབ་སྟོན་སྐོར་བསྐྱོད་གོ་སྒྲིག་བྱས། ཁོང་རྣམས་རྒྱལ་ཁབ་དེ་ཚོའི་ནང་འབྱོར་མ་ཐག་རྒྱ་ནག་གཞུང་ནས་ལུང་པ་དེ་ཚོར་སྡིག་ར་བསྐུལ་ཏེ་ས་གནས་དེ་ཚོའི་ནང་གི་གཟིགས་མོ་རྣམས་རིམ་བཞིན་ཕྱིར་འཐེན་བྱས། གཟིགས་མོ་འདི་རྣམས་གོ་སྒྲིག་ཞུ་རྒྱུར་ལོ་ཡུན་གསུམ་ཙམ་འགོར་བ་དང་ཡུལ་ལུང་དེ་གའི་ནང་གི་འཁྲབ་སྟོན་ཁང་གྲགས་ཅན་རྣམས་ཀྱི་ནང་དུ་གཟིགས་འབུལ་ཞུ་མ་ཐུབ་པའི་ལས་རིམ་སྣེ་མང་ཆུད་ཟོས་སུ་སོང་།

སྐབས་དེར་ཕྱི་རྒྱལ་ནང་བོད་ཀྱི་སྐོར་ཤེས་མཁན་ཧ་ལམ་མེད་པ་ལྟ་བུ་རེད། ངས་སྐབས་དེར་དངུལ་འབོར་ཆེན་པོ་གཡར་ནས་འདིའི་ཐོག་འགྲོ་སོང་བཏང་ཡང་སྐབས་དེར་འཁྲས་སྟོན་ཕྱིར་འཐེན་བྱེད་རྐྱེན་ངའི་མ་རྩ་རྡིབ་ནས་བུ་ལོན་སྤྲད་མ་ཐུབ་པའི་དཀའ་ངལ་བྱུང་།

ངའི་བསམ་པར་ཁོང་རྣམས་ཨ་རིར་སྐོར་བསྐྱོད་བྱ་རྒྱུ་དེའང་ཕྱིར་འཐེན་གྱིས་ཟློས་གར་བ་རྣམས་རྡ་རམ་ས་ལར་ལོག་འགྲོ་ཡི་རེད་བསམ་ཡང་། རང་ཉིད་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐོར་བསྐྱོད་འདི་གོ་སྒྲིག་ཞུ་རྒྱུ་སྙན་སེང་ཞུས་སྐབས། ཁོང་ཐུགས་ཧ་དགྱེས་ཚོར་ཆེན་པོ་བྱུང་བ་དེ་སེམས་ནང་དྲན་ནས་དཀའ་ངལ་གང་བྱུང་ཡང་སྐོར་བསྐྱོད་འདི་མུ་མཐུད་ཞུ་རྒྱུར་གདོང་ལེན་བྱ་རྒྱུར་སེམས་ཤུགས་སྐྱེས།

(ཡོ་རོབ་ནང་འཁྲབ་སྟོན་ཕྱིར་འཐེན་བྱས་རྐྱེན་ཟློས་གར་ཚོགས་མི་རྣམས་ཀྱིས་སིད་སིར་དུས་ཡུན་རིང་པོར་བསྒུག) ཨ་རི་དང་ཁེ་ན་དྲའི་འཁྲབ་སྟོན་སྐོར་བསྐྱོད་བྱ་རྒྱུར་ཡང་ཉེན་ཁ་མི་ཡོང་ངམ་སྙམ་ནས་རང་ཉིད་ལ་སེམས་ཁྲལ་ཕྲན་བུ་བྱུང་། དེར་བརྟེན་ངས་ཨ་རི་གཞུང་གི་བདེ་འཇག་ལས་ཁུངས་(U.S Department of State) ལ་མཚན་གྱི་ཚོུད་༡༢ ལ་ཁ་པར་བཏང་ནས་འཁྲབ་སྟོན་པ་ཚོར་ཛ་དྲག་ཐོངས་མཆན་ལག་འཁྱེར་སྤྲོད་དགོས་པ་དང་། དེ་ནས་ནས་འཕྲལ་དུ་ཟློས་གར་དབུ་འཛིན་ལའང་”སང་ཞོགས་ཚོུད་༩ འགྱངས་མེད་དུ་སིད་སིར་ཨ་རི་གཞུང་ཚབ་སར་ཐོངས་མཆན་ཞུས་ནས་སུ་ལའང་མ་བཤདན་པར་རི་རྒྱུད་དུ་ཡིབ་ནས་སྡོད་”བཅས་མངགས།

དེའི་སང་ཉིན་དེར་ཡོ་རོབ་ཀྱི་ཞོགས་པ་ཚོུད་༩ ཟིན་རྗེས་ཕྲན་གྱི་ནིའུ་ཡོག་སྡོད་ཁང་དུ་ཁ་པར་ཞིག་འབྱོར་ནས་བརྗོད་གསལ་ལ་“འཁྲབ་སྟོན་པ་རྣམས་ད་ལྟ་གང་དུ་ཡོད། ཁོང་ཚོའི་ཐོངས་མཆན་ལག་འཁྱེར་ཐོག་དཀའ་ངལ་འདུག་པས་ད་ལྟ་མྱུར་དུ་ཨ་རི་དོན་ཁང་དུ་ལོག་དགོས་” ངས་དེ་སྐོར་མ་ཤེས་མདོག་མདོག་གིས། “ཁོང་ཚོ་གང་དུ་ཡོད་མིན་ངས་མི་ཤེས། ངས་འདིའི་སྐོར་ཧ་མ་གོ།”

གལ་སྲིད་ཟློས་གར་བ་རྣམས་དེའི་ཞོགས་པ་དུས་ཐོག་ཐོངས་མཆན་ལག་འཁྱེར་ཐོབ་པ་ལས། གལ་ཏེ་ཉིན་གཅིག་འགྱངས་ཡོད་ཚེ་གཞུང་ཚབ་ནས་ཐོངས་མཆན་ལག་འཁྱེར་ཕྱིར་འཐེན་བྱེད་ངེས་པས་ཨ་རིར་སླེབ་མི་ཐུབ། གལ་སྲིད་ནིའུ་ཡོག་གནམ་ཐང་ཇེ་ཨེབ་ཁེ་ཎི་ཌི་ཐད་(JFK)ཀར་བབས་ཚེ་ཁོང་ཚོར་དཀའ་ངལ་ཕྲད་སྲིད་པས། ཁོང་རྣམས་ཀྱིས་ལམ་བརྒྱུད་སྐོར་ནས་ཁེ་ཎ་ཌ་དང་ཨ་རི་ས་མཚམས་ན་ཡ་སྒ་ར་ཕོལ། Niagra Fall རྐང་གྲོས་ཐོག་ཞུགས་ཏེ་ཨ་རིར་འབྱོར་ཐུབ་པ་བྱུང་།

ས་ཕྱོགས་གང་སར་ཟློས་གར་བའི་འཁྲབ་སྟོན་རྣམས་ཧ་ལས་པས་ཚག་ཚུད་བྱུང་སོང་ཡང་། རྒྱ་ནག་དམར་ཤོག་ལ་དགའ་ཞེན་ཅན་གྱི་སྐྱེ་བོ་མང་པོས་ཟློས་གར་གཟིགས་མོ་དབུ་འཛུག་མ་ཞུས་གོང་སྐད་འབོད་དང་ཟང་ཟིང་བཟོས།

འཁྲབ་སྟོན་པ་རྣམས་ནིའུ་ཡོག་ཏུ་འབྱོར་རྒྱུར་དཀའ་ངལ་འཕྲད་ཀྱང་གདོང་ལེན་བྱས་མཐར་ཁོང་རྣམས་སྣུམ་འཁོར་ཆུང་ཆུང་Mini bus ཞིག་ནང་ཡོང་ནས་དེ་གར་འཁྲབ་སྟོན་ཧ་ལས་པས་ཡག་པོ་བྱུང་། ཡིན་ཡང་རང་ཉིད་ནི་འགྲོ་གྲོན་ཐོག་དངུལ་སྲམ་ཁག་གཅིག་ཀྱང་མ་ལྷག་པར་གཞན་པའི་ས་གནས་དངུལ་སྔ་འདོན་གཡར་ནས་ཁོང་ཚོར་ཟ་ཆས་ཉོ་བྱེད་ཕུལ། གང་ལྟར་དཀའ་ངལ་རིམ་པ་མང་པོ་ཕྲད་ཀྱང་ཟློས་གར་བ་རྣམས་ནས་གཟིགས་མོ་ཧ་ཅང་ལེགས་པོ་འཁྲབ་པ་དང་མཐར་ང་ཚོར་རྒྱལ་ཁ་ཐོབ།

 

ངས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་མཇལ་བ་ནས་ཟུང་ད་བར་བོད་པའི་དྭ་ཕྲུག་རྣམས་ལ་རོགས་རམས་བྱེད་བཞིན་ཡོད། ངས་དུས་རྟག་ཏུ་བོད་ཕྲུག་རྣམས་སྐྱེས་མ་ཐག་ནས་བྱམས་སྙིང་རྗེ་ལྡན་པ་འདི་ལྟར་བྱུང་བའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་བསམ་པ་ལྟར། ངས་༧གོང་ས་མཆོག་ལ་དེའི་སྐོར་བཀའ་དྲི་བ་ཞུས་སྐབས་ཁོང་གིས་“འདི་ནི་བོད་ཀྱི་མ་ཡི་ལས་འགན་གཙོ་བོ་ཞིག་ཡིན། ཕྲུ་གུ་མངལ་དུ་འཁོར་མ་ཐག་ཆོས་ལ་དད་པ་དང་སྨོན་ལམ་ནང་ཕྲུ་གུ་འདི་བྱམས་བརྩེ་ལྡན་པ་ཞིག་ལ་འགྱུར་བར་ཤོག་ཅེས་སྨོན་ལམ་གཏབ་པའི་འབྲས་བུ་ཡིན།”

༧གོང་ས་མཆོག་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དགོས་པའི་བཀའ་སློབ་ཡང་ནང་ཡང་དུ་གནང་བ་དང་རང་ཉིད་ཀྱིས་བོད་ཀྱི་རིག་གཞུང་ནང་ཁྱད་དུ་འཕག་པ་དེ་ནི་བྱམས་བརྩེ་ཡིན་པར་ཤེས། “རང་ལས་གཞན་གཅེས་”ཀྱི་སེམས་འདི་ནི་བོད་ཀྱི་རིག་གཞུང་གི་སྙིང་བཅུད་ཡིན་པ་དེ་མི་ཉམས་རྒྱུད་འཛིན་དགོས་པ་དེ་༧གོང་ས་མཆོག་གི་ཐུགས་རེ་ཡིན།

བློ་ཕམ་ཞིག་ལ་དེང་སྐབས་ཉི་འོང་ནང་“རང་ལས་གཞན་གཅེས་”ཀྱི་རིག་གཞུང་དེ་ཉམས་གུད་དུ་འགྲོ་བཞིན་པ་རེད། ཉི་འོང་ནང་དམག་ཆེན་མ་ཚུགས་གོང་དང་ཚུགས་པའི་རྗེས་སུ་ཡང་མི་ཀུན་ལ་འདི་ལྟའི་སེམས་ཁམས་ཞིག་ཡོད། དེའི་སེམས་ཁམས་ཞིག་ཉེ་བའི་ཆར་ཉི་འོང་བྱང་ཕྱོགས་སུ་ས་ཡོམ་གྱི་གནས་སྟངས་སྐབས་སླར་ཡང་འདི་ལྟའི་ཚོར་བ་ཞིག་བྱུང་ཡོད། ཕྲན་རང་དམག་ཆེན་སྐབས་འཚར་ལོངས་བྱུང་བས་དེ་སྐོར་དྲན་པ་བརྟན་པོ་ཡོད། ངས་བོད་ཀྱི་རིག་གནས་སྟེང་ལ་ལྟ་སྐབས་དམག་འཁྲུག་མཇུག་གི་ཉི་འོང་པར་དཀའ་ངལ་དང་མཚུངས་པར་ཁོང་ཚོར་ཡང་དཀའ་སྡུག་མཉམ་མྱོང་འདི་ལྟར་འདུག་བསམ་སོང་།

ཉེ་བའི་ཆར་ཚན་རིག་པས་ཞིབ་འཇུག་འོག་བོད་དང་ཉི་འོང་པའི་སྐྱེ་པ་ཕོ་རྣམས་ལ་DNA རྫས་རྒྱུད་འགྲོ་ལུགས་ཉེ་པོ་ཡོད་པར་མཐོང་། འདི་ཡི་བོད་དང་ཉི་འོང་བར་འབྲེལ་བ་ཡོད་དམ། ངའི་སེམས་ཀྱི་གཏིང་ན་བོད་དང་ཉི་འོང་བར་འབྲེལ་བ་དམ་ཟབ་ཡོད་པ་དང་དེ་ཡང་བོད་རིགས་ལ་ཡོད་པའི་ཁྱད་ཆོས་བཟང་པོ་དེ་ཉི་འོང་པར་དེ་སྔ་ཡོད། རྒྱལ་སྤྱིའི་ནང་བོད་མི་འབུམ་གཉིས་ཙམ་(༢༠༠༠༠༠) ཡོད་པ་རྣམས་ནས་བཙན་བྱོལ་ནང་རང་ནུས་གང་འཇོན་གྱིས་འཚོ་བའི་ལས་ལ་བརྩོན། རྒྱ་ནག་འོག་བོད་མི་ས་ཡ་དྲུག་ནས་བདུན་བར་ཡོད། ཁོང་རྣམས་ཚང་མར་རང་གི་ལུང་པའི་མི་རེད། ཡིན་ཡང་ངའི་བསམ་པར་ལུང་པ་མེད་པའི་སྐྱེ་བོ་འདི་དག་གིས་འཛམ་གླིང་མི་མང་རྣམས་སྐྱོབ་ཐུབ་པའི་རེ་བ་འདུག

བོད་མི་རེ་རེ་སྤྱང་དྲུང་འཛོམས་པ་དང་གཤིས་སྤྱོད་བཟང་། ཉི་འོང་པ་ཚོར་ཡང་དེ་སྔ་འདི་འདྲའི་གཤིས་སྤྱོད་ཡོད་རུང་དཔལ་འབྱོར་ལ་ཆགས་སྡིང་ཆེ་བས་རིམ་པས་གཤིས་ཀ་ཉམས། བོད་མི་མང་པོས་གཞན་ལ་ཕན་ཐོགས་བྱ་རྒྱུའི་སེམས་ཚོར་ཆེན་པོ་ཡོད་དེ་ནི་ཁོང་ཚོས་སེམས་ཅན་ཐམ་ཅད་ལ་བྱམས་བརྩེ་ཡོད་པའི་དབང་གིས་རེད། ངའི་རེ་བ་ཆེ་ཤོས་དེ་བོད་མིས་འཛམ་གླིང་གི་དབུ་འཁྲིད་གནང་ཐུབ་པའི་སྨོན་ལམ་ཡོད།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་ནི་བོད་མི་ཙམ་དང་ནང་པ་ཙམ་གྱི་དབུ་འཁྲིད་མ་ཡིན་པར་འཛམ་གླིང་མི་མང་གི་དབུ་འཁྲིད་ཡིན། ཁོང་མིའི་སྤྱི་ཚོགས་ཀྱི་འགལ་ཟླ་མཐའ་དག་དོར་ནས་འགྲོ་བ་མིའི་དབུ་འཁྲིད་ཅིག་ཏུ་གྱུར། བོད་མི་རིགས་ཀྱིས་ཉི་འོང་པའི་མི་མང་གིས་སྒྲུབ་མི་ཐུབ་པ་ཞིག་སྒྲུབ་ཐུབ། བོད་མི་རྣམས་ལ་རྒྱལ་ཁབ་མེད་རུང་དེ་ནི་གནད་འགག་མིན་པར་ཁོང་རྣམས་ལ་འགྲོ་བ་མི་བྱམས་སེམས་ཡོད།།