༢༠༡༥ ལོར་རྒྱལ་སྤྱིའི་ནང་འཇིག་སྐུལ་རིང་ལུགས་པའི་བཙན་རྒོལ་ཉུང་དུ་ཕྱིན་པ།

ཕྱི་ལོ་༢༠༡༢ ནས་བཟུང་ཐེངས་དང་པོར་ཕྱི་ལོ་༢༠༡༥ ལོའི་ནང་འཛམ་གླིང་སྤྱི་ཡོངས་ལ། འཇིག་སྐུལ་རིང་ལུགས་པའི་བཙན་རྒོལ་གྱི་བརྒྱ་ཆ་༡༣ དང་ཤི་རྨས་ཀྱི་བརྒྱ་ཆ་༡༤ ཡི་ཉུང་དུ་ཕྱི་ཡོད་འདུག

ཟླ་འདིའི་ཚེས་༢ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བཏོན་པའི་སྙན་ཐོ་ཞིག་གི་ནང་། སྤྱིར་ན་ཕྱི་ལོ་༢༠༡༥ ལོའི་ནང་པེ་རི་སི་དང་སྦེལ་རྗམ་སོགས་ལ། འཇིགས་སྐུལ་རིང་ལུགས་པས་བཙན་རྒོལ་གྱིས་མི་གྲངས་མང་པོའི་ཚེ་སྲོག་ཤོར་ཡོད་ཀྱང། འཛམ་གླིང་སྤྱི་ཡོངས་ལ་བཙན་རྒོལ་གནས་ཚུལ་ཉུང་དུ་ཕྱིན་ཡོད་སྐོར་བཀོད་ཡོད་འདུག

མེ་རི་ལན་གཙུག་ལག་སློབ་གཉེར་ཁང་གི་བཏོན་པའི་གྲངས་ཐོའི་ནང། ལོ་སྔོན་མར་རྒྱལ་སྤྱིའི་ནང་འཇིགས་སྐུལ་རིང་ལུགས་པའི་བཙན་རྒོལ་༡༡,༧༧༤ ཁྲོད་མི་གྲངས་༢༨,༣༠༠ ཡི་ཚེ་སྲོག་ཤོར་ཡོད་པ་དང། མི་གྲངས་༣༥,༣༠༠ ལ་རྨས་སྐྱོན་ཕོགས་ཡོད་འདུག

དེ་བཞིན་སྙན་ཐོའི་ནང། འདས་པའི་ཟླ་བ་དྲུག་ནང་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨའེ་སི་སི་ཡིས་སི་རི་ཡ་དང། ཨབ་གྷན། ལི་བྷི་ཡ། ཡེ་མེན། ཨེ་རག་བཅས་ནང་དུ་བཙན་རྒོལ་གྱི་བྱ་སྤྱོད་ཐོག།དེ་མིན་རྒྱལ་ཁབ་༡༡ ནང་བཙན་རྒོལ་བྱས་ཡོད་པ་དང། ཨ་རིའི་གཞུང་གིས་ཚོགས་པ་དེ་ཉེན་ཁ་ཆེ་ཤོས་ཤིག་ཡིན་སྐོར་བཀོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨི་རན་ནི་རྒྱལ་ཁན་གཅིག་གིས་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་ལ་སྦྱིན་བདག་བྱེད་མཁན་ཤུགས་ཆེ་ཤོས་ཡིན་པ་དང། རྒྱལ་ཁབ་དེས་ཨེ་རག་དང་སེ་རི་ཡའི་ནང་གི་དམག་འཁྲུག་ནང་རྒྱབ་ནས་མཉམ་ཞུགས་བྱས་ཡོད་ཁར། བྷན་རེན་གྱིས་ཨི་རན་གྱིས་ལུང་པ་དེའི་ཁ་ཆེ་ཤི་ཡའི་མི་རིགས་ལ། མཚོན་ཆ་མཁོ་སྤྲོད་བྱས་པའི་སྐྱོན་འཛུགས་བྱས་ཡོད་ཀྱང། ཨི་རན་གྱིས་དེ་ལ་ཁས་ལེན་བྱས་མི་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།