༧གོང་ས་མཆོག་གིས་ཨ་རུ་ན་ཅལ་དང་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་།

ཕྱི་ཟླ་༠༦ ཚེས་ ༠༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རུ་ན་ཅལ་མངའ་སྡེའི་ལས་ཐོག་སྤྱི་ཁྱབ་བློན་ཆེན་དང་། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཉིས་ཀྱི་སྲིད་དོན་ཚོགས་པར་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་བ་དང་།
གསུང་འཕྲིན་ནང་དུ་མགོན་པོ་གང་གིས་འདས་པའི་ལོའི་ནང་ཨ་རུ་ན་ཅལ་དང་། འབྲས་ལྗོངས་མངའ་སྡེ་གཉིས་ཀྱི་ལུང་པ་ཡར་རྒྱས་གོང་འཕེལ་ཕྱིན་པའི་སྐོར་དང་། དེ་བཞིན་སླད་ཕྱིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཉིས་ནས་མི་མང་འཁོས་ཀ་ཞན་པ་ཚོའི་བདེ་སྡུག་གི་ཆེད་དུ་སྐུ་ལས་མུ་མཐུད་སྐྱོན་རྒྱུའི་ཐུགས་རེ་གནང་བ་མ་ཟད། འབྱུང་འགྱུར་གྱི་མི་མང་གི་རེ་བ་དང་མངོན་འདོད་ཆེད་དུ་དཀའ་ངལ་གང་འཕྲད་ཀྱང་གདོང་ལེན་གནང་ཐུབ་པའི་ཐུགས་སྨོན་མཛད་ཀྱི་ཡོད་པར་གསུངས་འདུག