ཁ་ཆེའི་སྒྲིག་འཛུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེའི་རྡོག་རོལ་གཏོང་བཞིན་ཡོད་ཟེར།

ཨི་རག་དང་སི་རི་ཡ་རུ་ཁ་ཆེའི་རྒྱལ་ཁབ་ཀྱི་དྲག་པོའི་སྒྲིག་འཛུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་ཧ་ལས་པའི་རྩིས་མེད་རྡོག་རོལ་དུ་གཏོང་བཞིན་ཡོད་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་རིགས་ཤིག་གིས་བརྗོད་འདུག

རེས་གཟའ་ཟླ་བའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་མཐོ་རིམ་དཔོན་རིགས་ཕི་ལེད་(Pillay) ཀྱིས། ཁ་ཆེའི་རྒྱལ་ཁབ་ཀྱི་དྲག་པོའི་སྒྲིག་འཛུགས་ཀྱིས་ཉིན་ལྟར་འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེས་རྡོག་རོལ་གཏོང་བཞིན་པ་དང་། བྱ་སྤྱོད་དེ་ནི་དམག་འཁྲུག་གི་ནག་ཉེས་དང་འགྲོ་བ་མིའི་རིགས་ལ་རྒོལ་བའི་ཉེས་པ་དང་མཚུངས་པ་ཞིག་རེད་ཅེས་བརྗོད་འདུག

2D3BB6BC-3D87-4D18-9763-977A711F328A_mw1024_s_nཁ་ཆེའི་རྒྱལ་ཁབ་ཀྱི་དྲག་སྤྱོད་པས་ཨི་རག་ཏུ་ཡོད་པའི་གྲངས་ཉུང་ཆོས་ལུགས་(Ya Zi Di) དང་ཞ་བྷ་ཁི་(Shabak) ཀྱི་མི་སྣ་བརྒྱ་ཕྲག་ཁ་ཤས་དམར་གསོད་བཏང་ཡོད་པ་མ་ཟད། རིགས་རྒྱུད་གཞན་དག་གི་མི་གྲངས་སྟོང་ཕྲག་ཁ་ཤས་འཇུ་བཟུང་བྱས་ཏེ་བྲན་གཡོག་ཏུ་བཀོལ་བཞིན་པ་རེད།

06-16-2014Female_Genitalདེ་བཞིན་ཁ་ཆེའི་ལྷ་དམག་ཞེས་པའི་སྒྲིག་འཛུགས་དེས་གཟའ་འཁོར་སྔོན་མའི་ནང་ཨ་རིའི་གསར་འགོད་པ་ཧྥོ་ལེ་(Foley) ཡི་མགོ་བཅད་པའི་ཡ་ང་བའི་བརྙན་འཁོར་དྲ་ཐོག་ཏུ་བཀྲམ་ཡོད་ཅིང་། ཨ་རིའི་གསར་འགོད་པ་ཧྥོ་ལེ་ནི་༢༠༡༢ ལོར་སི་རི་ཡ་རུ་སྒྲིག་འཛུགས་དེས་བཙན་ཁྲིད་བྱས་པ་ཞིག་ཡིན་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁ་ཆེའི་རྒྱལ་ཁབ་ཀྱི་དྲག་པོའི་སྒྲིག་འཛུགས་དེས་བཙོན་པ་༦༧༠ དམར་གསོད་བཏང་ཡོད་པའི་གནས་ཚུལ་བདེན་པ་ཡིན་པའི་ར་སྤྲོད་བྱས་ཡོད་པ་དང་། སྒྲིག་འཛུགས་དེས་ད་ལོའི་ཕྱི་ཟླ་༦ པའི་ནང་བཙོན་པ་དེ་དག་བཀག་ཉར་བྱེད་སའི་བཙོན་ཁང་བཙན་བཟུང་བྱས་ཡོད་པ་རེད།།