ཁ་མཆུ་ཨང་༢༡ པ་བགྲེས་ཡོལ་ཐོབ་ཐང་དང་འབྲེལ་བའི་གནད་དོན་སྐོར་གྱི་ཉན་ཞིབ་ཐེངས་གཉིས་པ།

ཟླ་འདིའི་ཚེས་༢༡ ཉིན་གྱི་ཕྱི་དྲོ་དྷ་ས་གངས་སྐྱིད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཨང་༢༡ པ་བགྲེས་ཡོལ་ཐོབ་ཐང་དང་འབྲེལ་བའི་གནད་དོན་སྐོར་གྱི་ཉན་ཞིབ་ཐེངས་གཉིས་པ་དེ་འཚོགས་ཡོད་པ་རེད།

ཁ་མཆུ་དེ་ནི་གཞུང་ཞབས་བགྲེས་ཡོལ་བ་སྐལ་བཟང་ཕུན་ཚོགས་ཀྱིས་ཁོང་ལ་བགྲེས་ཡོལ་གྱི་སྡོད་ཁང་མ་རག་པར་ནང་སྲིད་ལས་ཁུངས་དང་བཀའ་ཤག་གཉིས་ཁྲིམས་གཏུག་བྱས་པ་ཞིག་ཡིན་པ་དང་། རྩོད་ལན་པ་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་ཚེ་རིང་དོན་འགྲུབ་དང་ངོ་ཚབ་གཉིས་བཅས་བཅར་ཡོད་པ་དང་། ཞུ་སྦྱོར་བ་སྐལ་བཟང་ཕུན་ཚོགས་བཅས་ཀྱི་བར་ཁྲིམས་རར་རྩོད་གླེང་བྱས་ཡོད་པ་རེད།

རྩོད་ལན་པས་ཞུ་སྦྱོར་བར་རང་བདག་གི་ཁང་པ་ཡོད་པ་དང་གཅིག ཕྱི་རྒྱལ་གྱི་མི་སེར་ལག་ཁྱེར་ཡོད་པ་གཉིས་ལ་བགྲེས་ཤག་གི་ཐོབ་ཐང་མེད་པ་སྒྲིག་གཞིའི་ནང་གསལ་ཡོད་པས། ཁང་པའི་ཐོབ་ཐང་མེད་སྐོར་བཤད་པ་དང་། ཞུ་སྦྱོར་བས་ཁོང་སྡོད་སའི་ཁང་པ་དེ་ཁོང་གི་སྤུན་མཆེད་ཀྱི་ཡིན་པ་ལས། ཁོ་རང་སྒེར་ལ་དབང་གི་མེད་སྐོར་དང་། ཕྱི་རྒྱལ་གྱི་མི་སེར་ལག་ཁྱེར་ཡོད་ཀྱང་། ཁོང་གིས་ཐོབ་ཐང་ཞིབ་རྩོད་ཀྱི་མེད་པར། ཁོ་རང་གིས་མི་ཚེར་བསག་པ་དེ་ཁོང་ལ་དགོས་སྐོར་བརྗོད་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།