ཁམས་ཉག་རོང་གི་གྲྭ་པ་ཞིག་གིས་རང་ལུས་མེར་སྲེག་གི་ངོ་རྒོལ།

བོད་ཤར་ཕྱོགས་དཀར་མཛེས་ཁུལ་ཉག་རོང་རྫོང་ཁོངས་སུ་དགེ་འདུན་པ་རང་ལོ་༡༨ ཡིན་པ་སྐལ་བཟང་དབང་འདུས་ཞེས་པའི་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ནས་སྐུ་གཤེགས་པའི་གནས་ཚུལ་ཐོན་འདུག

kalsang nyangrong1འབྲེལ་ཡོད་ཅིག་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༡༦ ཟླ་༢ ཚེས་༢༩ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱབ་ཁོངས། ཉག་རོང་རྫོང་ཤང་ལངས་གཤིས་ཁྱུང་མ་རེ་མཚོ་ཁ་ཨརྱ་གླིང་དགོན་པའི་གྲྭ་སྐལ་བཟང་དབང་འདུས་ཀྱིས་ཕྱི་དྲོ་ཆུ་ཚོད་བཞི་ཙམ་ལ་དགོན་པའི་ཟུར་དུ་བོད་ལ་རང་དབང་རང་བཙན་དགོས་ཞེས་སྐད་འབོད་བྱས་ཏེ་རང་ལུས་མེར་སྲེག་བཏང་ཡོད་འདུག   ཉེ་འཁོར་གྱི་མི་མང་གིས་མེ་བསད་ནས་ཉག་རོང་རྫོང་སྨན་ཁང་དུ་བསྐྱལ་ཡོད་འདུག་ལ། དེ་ནས་སྲོག་སྐྱོབ་མ་ཐུབ་པར་རྒྱ་ནག་ཁྲིན་ཏུའུ་སྨན་ཁང་ཞིག་ཏུ་ཁུར་ཡོད་ཀྱང་ལམ་བར་ནས་གྲོངས་ཡོད་འདུག།ཁོང་གི་ཕ་མིང་ལ་བསོད་བཀྲ་དང། མ་མིང་ལ་ཨོ་རྒྱན་སྒྲོལ་མ་ཟེར་ཞིང། ད་ལྟའི་ཆར་རང་ལོ་༡༨ ཡིན་འདུག་ལ། བོད་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་གྲངས་༡༤༣ པ་ཡིན་འདུག།།