ཁམས་འབྲི་རུ་རྫོང་གི་བོད་མི་ཞིག་འཛིན་བཟུང་།
ཟླ་༡༠ ཚེས་༦ ཉིན་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁམས་ནག་ཆུ་ཁུལ། འབྲི་རུ་རྫོང་ཟླ་ཐང་ཡུལ་ཚོ། གཡང་ཐང་གྲོང་ཚོ་བཞི་པ་ནས་ཡིན་པའི་བུ་རྡོ་རྗེ་དྲག་རྩལ་ཟེར་བ་ནག་ཆུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
ཟླ་༡༠ ཚེས་༦ ཉིན་འབྲི་རུ་རྫོང་ཟླ་ཐང་ཡུལ་ཚོའིོ་ཡུལ་མི་རྣམས་ཀྱི་རྡོ་རྗེ་དྲག་རྩལ་གློད་གྲོལ་བཏང་དགོས་པའི་འབོད་སྐུལ་སྐད་འབོད་བྱས་མ་ཐག རྒྱ་གཞུང་གི་དམག་མི་སུམ་བརྒྱ་ཙམ་གྱི་མི་ཆེ་ཆུང་མེད་པ་ལ་མདའ་ཆར་ཕབ་ནས་བོད་མི་བཀྲ་རྒྱལ་གཙོས་པའི་མི་མང་པོ་ལ་རྨས་སྐྱོན་ཚབས་ཆེན་བྱུང་བ་མ་ཟད་དུག་རླངས་བཏང་ནས་མི་མང་པོ་དྲན་མེད་རྒྱལ་བའི་གནས་ཚུལ་ཐོན་འདུག ད་དུང་སྡུག་རྩུབ་དང་མནར་གཅོད་མཚམས་འཇོག་བྱས་མི་འདུག རྗེས་སུ་ག་འདྲ་བྱུང་ཡོད་མིན་ཤེས་རྟོག་དཀའ་མོ་རེད་འདུག་གང་རེད་ཟེར་ན་ཡུལ་དེར་ཁ་པར་གྱི་འཕྲིན་ལམ་ཡོངས་བཀག་ཚར་འདུག