ཁམས་འབྲི་རུའི་རྩོམ་པ་པོ་ཞོགས་དྲིལ་དང་ཁོང་གི་གྲོཊ་པོ་འཇུ་བཟུང་།
དེ་ཡང་ཕྱི་ཟླ་ ༡༠ པའི་ཚེས་༡༡ ཉིན་མཚན་མོ་ཆུ་ཚོད་༡ ཙམ་ལ་འབྲི་རུ་རྫོང་གི་ཉེན་རྟོག་མི་སྣ་ཁ་ཤས་གློ་བུར་དུ་འབྲི་རུ་རྫོང་གཤམ་ཆུ་ ཡུལ་ཚོའི་སྟེང་མཁར་གྲོང་དུ་སོང་སྟེ་ཞོགས་དྲིལ་གྱི་སྡོད་ཁྱིམ་དུ་འཛུལ་ནས་ ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་བརྟན་ལྷིང་དཀྲུག་ཤིང་བྱས་པ་སོགས་ཀྱི་ཉེས་ མིང་བཙུགས་པ་མ་ཟད། ཉེ་ཆར་ནགས་ཤོད་འབྲི་རུ་རྫོང་མོ་བ་གྲོང་དང་། སྨོན་ཁྱིམ་གྲོང་། ཟླ་ཐང་ཡུལ་ཚོ། དེ་བཞིན་རྫོང་སློབ་གྲྭ མི་མང་ཟས་བཅད་ནས་མཚན་ཉལ་ངོ་རྒོལ་བྱས་པ་སོགས་ཀྱི་དོན་རྐྱེན་དང་འབྲེལ་ནས་ཁོང་ གིས་རྫོང་ཐོག་ཏུ་སྐད་ཆ་འདྲ་མིན་བཤད་ཡོད་པའི་ཉེས་པ་སོགས་ཀྱི་ཉེས་འཛུགས་བྱས་ ཏེ། འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག ཁོང་གི་སྡོད་ཁང་ཕྱི་ནང་སྔོག་བཤེར་ནན་མོ་བྱས་པ་མ་ཟད། དེ་བཞིན་ཁོང་གི་གློག་ཀླད་དང་ཁ་པར། དཔེ་དེབ་ཅི་ཡོད་ཟླ་བསྒྲིལ་ནས་བཙན་འཁྱེར་བྱས་ཡོད་འདུག
དེའི་ཕྱི་ཉིན་སྟེ་ཚེས་༡༡ ཉིན་སྔ་དྲོ་ཁོང་གི་གྲོགས་པོ་གཡུལ་རྒྱལ་ཡང་འབྲི་རུ་རྫོང་གཤམ་ཆུ་ཡུལ་ཚོ། སྟེང་མཁར་གྲོང་ནས་གློ་བུར་འཛིན་བཟུང་བྱས་ཡོད་འདུག གཡུལ་རྒྱལ་འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་ཡང་རྒྱལ་ཁབ་ཁ་བྲལ་གཏོང་བའི་ལས་ཀ་ བྱས་པ་དང་། སྐད་ཆ་འདྲ་མིན་བཤད་ནས་སྤྱི་ཚོགས་བརྟན་ལྷིང་ལ་ཕུང་དཀྲུག་བྱས་པ་སོགས་ཀྱི་ཉེ་ མིང་བཙུགས་ཡོད་འདུག
ན་གཞོན་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ནམ་ཞོགས་དྲིལ་ནི། ཕ་ཡུལ་ཁམས་ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཡུལ་ཚོ། སྟེང་མཁར་གྲོང་ནས་ཡིན་ལ། རང་ལོ ༢༧ རེད། ཆུང་དུས་ནས་གཤམ་ཆུ་ཡུལ་ཚོའི་སློབ་ཆུང་འགྲིམས་པ་དང་། ཕྱི་ལོ ༢༠༠༡ ལོར་སྡེ་དགེ་དཔལ་ཡུལ་བཤད་གྲྭར་ཞུགས་ནས་ནང་ཆོས་གཙོས་པའི་བོད་ཀྱི་ཐུན་མོང་དང་ ཐུན་མིན་རིག་གནས་མཐའ་དག་ལ་སྦྱངས་པ་གང་ལེགས་བྱས། ཕྱི་ལོ ༢༠༠༩ བར་སྡེ་དགེ་དཔལ་ཡུལ་དང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་། སྡེ་དགེ་ཞེ་ཆེན། སྡེ་དགེ་རྫོགས་ཆེན། ཡ་ཆེན་སྒར། ཨ་མདོ་རྔ་པ་ཀིརྟི་དགོན་བཅས་སུ་སློབ་སྦྱོང་དང་གྲྭ་སྐོར་ལ་སོང་།
ཕྱི་ལོ ༢༠༠༩ ལོ་མཇུག་ཏུ་སྐྱ་སར་བབས་ནས་ནུབ་བྱང་མི་རིགས་སློབ་གླིང་དུ་ཞུགས་ཏེ་རྒྱ་ཡིག་ གི་ལམ་ནས་རྩོམ་རིགས་སྐོར་ཆེད་སྦྱང་ལོ་བཞི་བྱས། འདི་ལོའི་ཟླ་བ ༥ པའི་ནང་ནུབ་བྱང་མི་རིགས་སློབ་གླིང་ནས་ཁོང་དང་བཅས་སློབ་མ་ཁ་ཤས་དུས་རྒྱུན་ སློབ་གྲྭའི་ནང་དུ་བགྲོ་གླེང་འདྲ་མིན་བསྐོངས་རྐྱེན། རྒྱ་གཞུང་གིས་བགྲོ་གླེང་བརྗོད་བྱ་ཁྲིམས་འགལ་ཡིན་ཚུལ་སོགས་ཁག་དཀྲི་བསྙོན་ འཛུགས་བྱས་ནས་སློབ་མཐར་ཕྱིན་པར་ཟླ་བ་ཁ་ཤས་ལས་མེད་ཀྱང་བཙན་པོ་བྱས་ནས་སློབ་ གྲྭ་ནས་ཕྱིར་འབུད་བཏང་།
ལོ་དེའི་ཟླ་བ་ ༦ པའི་ནང་ཕ་ཡུལ་ཁམས་ནགས་ཤོད་འབྲི་རུ་རྫོང་དུ་ལོག་ནས་ མི་རབས་གསར་པའི་མགྲོན་ཁང་ཟེར་བ་ཞིག་བཙུགས་པ་དང་། ཞོར་དུ་སློན་གྲྭ་ལྟ་བུ་གཉེར་ནས་ཕ་ཡུལ་གྱི་ན་གཞོན་ཚོར་བོད་རྒྱ་ཡིག་རིགས་ གཉིས་ནས་རིན་མེད་ངང་སློབ་ཁྲིད་བྱས་ནས་ཟླ་ཤས་སོང་།
༢༠༠༧ ལོར་ཁོང་གིས་་རིམ་བཞིན་ནུབ་བྱང་མི་རིགས་སློབ་ཆེན་དུ་ཁོང་དང་སློབ་མ་ཁ་ཅིག་མཉམ་རོབ་ ཀྱིས་མི་རབས་གསར་པ་ད་དུང་རྒྱ་ཡིག་གི་ལམ་ནས 秀真博客 རྒྱ་ཡིག་པོད་ཁུག་ཞིག་ཀྱང་གཉེར་ཡོད་པ་རེད་ལ། པོད་ཁུག་དེར་ལྷུག་རྩོམ་དང་སྙན་ངག སྒྱུར་རྩོམ་བཅས་རྩོམ་ལུས་འདྲ་མིན་སྒོ་
ནས་ཡིག་འཇོག་བྱས་ཡོད་པ་རེད་འདུག འདི་ནི་ཁོང་གི་དེ་སྔའི་རྒྱ་ཡིག་ཟིན་བྲིས་ཁ་བྱང་མིན་མོད་ད་ལྟ་ཁ་བརྒྱབས་ཚར་ཡོད་པ་རེད།)
གཡུལ་ རྒྱལ་ཕ་ཡུལ་ཡང་ཁམས་ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཡུལ་ཚོ། སྟེང་མཁར་གྲོང་ནས་ཡིན་ལ། རང་ལོ ༢༦ རེད། གཡུལ་རྒྱལ་ཡང་ཆུང་དུས་ནས་གཤམ་ཆུ་ཡུལ་ཚོའི་སློབ་ཆུང་དུ་འགྲིམ། ༢༠༠༥ ལོར་རྫོག་ཉེན་རྟོག་ལས་ཁུངས་སུ་ལས་གནས་བསྐོ་བཞག་བྱས་རྗེས། ཁོང་གིས་རྫོང་ཉེན་རྟོག་ལས་ཁུངས་སུ་ལོ་ ༧ ལས་ཀ་བྱས་མོད། ཉེན་རྟོག་པའི་ལས་ཀ་ནི་ཆབ་སྲིད་ཀྱི་ལས་ཀ་རྐྱང་རྐྱང་ཡིན་དུས། ལས་ཀ་ཧ་ཅང་བྱེད་མི་བདེ་བའི་དབང་གིས་༢༠༡༢ ལོར་ཁོང་རང་འགུལ་ངང་ལས་གནས་ལས་རྩ་དགོངས་ཞུས་ནས་རྫོང་ཐོག་ཏུ་ཚོང་ལས་གཉེར་ སྐྱོང་བྱས་ནས་བསྡད།
ཁོང་ཉེན་རྟོག་ལས་ཀ་བྱས་རིང་ཕ་ཡུལ་གྱི་མི་མང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ ཀྱང་། ཁོང་གི་བསམ་བློའི་ནང་དུ་ཆབ་སྲིད་ལྟ་བའི་ཐད་ཧ་ཅང་འགལ་འདུ་ཆེན་པོ་ཡོད་དུས། ལས་གནས་རང་འགུལ་ངང་གཡུགས་པ་ཞིག་ཡིན་འདུག ཁོང་གི་བཟའ་ཟླའི་མིང་ལ་ལྷ་སྐྱིད་སྒྲོལ་མ་དང་། ཕྲུ་གུ་གཉིས་ཡོད་པ་རེད་འདུག