རྒྱ་ནག་གི་ཁྱི་ཤ་ཟ་བའི་དུས་ཆེན།

རྒྱ་ནག་ལྷོ་ཕྱོགས་ས་ཁུལ་དུ་ལོ་ལྟར་ཁྱི་༢༠༠༠ ཙམ་སྡེབ་གསོད་བཏང་སྟེ་ཁྱི་ཤ་ཟ་བའི་དུས་ཆེན་བརྩི་སྲུང་བྱེད་བཞིན་པ་དེར། དུད་འགྲོ་སྲུང་སྐྱོབ་ཚན་པ་དང་སྲོག་ཆགས་གཅེས་ཉར་པ་མང་པོས་ངོ་རྒོལ་བྱས་འདུག

ཕྱི་ཟླ་༦ ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཀཱང་ཞི་ཀྲང་རིགས་རང་སྐྱོང་ལྗོངས་ཁོངས་སུ་ཡོད་པའི་ཡུ་ལིན་གྲོང་ཁྱེར་ནང་། ལོ་ལྟར་སྲུང་བརྩི་བྱེད་བཞིན་པའི་དབྱར་ཁའི་ཁྱི་ཤ་ཟ་བའི་དུས་ཆེན་དེར་ཁྱོན་ཁྱི་༢༠༠༠ ཙམ་བསད་བཞིན་ཡོད་ཅིང་། དེ་སྔོན་རྒྱ་ནག་གི་ས་གནས་མང་པོ་ཞིག་ཏུ་ཁྱི་ཤ་ཟ་བའི་སྲོལ་དར་ཡོད་ཀྱང་ཕྱིས་སུ་དུད་འགྲོ་སྲུང་སྐྱོབ་ཀྱི་ལས་འགུལ་བ་མང་པོས་རྒྱ་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲད་པའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་ས་གནས་ཁ་ཤས་ནང་ལུགས་སྲོལ་དེ་བཀག་སྡོམ་བྱས་ཡོད་འདུག

wm_bb524a6c4d22d3fa083296e5e0d99943ཡུ་ལིན་གྲོང་ཁྱེར་ནང་གནས་སྡོད་ཞིང་པ་དང་ཚོང་པ་ཚོས་ཀྱང་ཁྱི་ལྕགས་དྲའི་ནང་བཅུག་སྟེ་ཁྲོམ་རར་འཚོང་དུ་འགྲོ་ཡི་ཡོད་ལ། ཐེངས་ཤིག་ཁྱི་སྟོང་ཕྲག་མང་པོ་བཤས་རར་སྐྱེལ་བར་འགྲོ་སྐབས་ངོ་རྒོལ་བ་ཚོས་འཇུས་ཏེ་སྲོག་ཐར་བཏང་ཡོད་འདུག

ཡུ་ལིན་གྲོང་ཁྱེར་དུ་དུས་ཆེན་དེའི་སྐབས་འགྲོ་ལམ་ཆ་ཚང་མི་དང་རླངས་འཁོར། སྦག་སྦག་གིས་ཁེངས་པ་མ་ཟད་ཁྱི་ཉོ་ཚོང་མཁན་རྣམས་ཀྱང་འཛོམས་ཀྱི་ཡོད་པ་རེད།

ཁྱི་ཉོ་མཁན་ཐམས་ཅད་ཀྱིས་ཁྱི་ཤ་བཟའ་ཡི་ཡོད་པའི་ཁྱབ་པ་མེད་པར་ཐའེ་ཅིན་ནས་ཡིན་པའི་ཁྱི་གསོ་ཉར་མཁན་སྐྱེས་མ་རུས་མིང་ཡེང་ཞེས་པ་ཞིག་གིས། ཁྱི་རེར་རྒྱ་སྒོར་༥༠༠ རེ་སྤྲོད་དེ་ཁྱི་༥༠༠ རང་ཡུལ་དུ་འཁྲིད་རྒྱུ་ཡིན་སྐོར་བརྗོད་འདུག དེ་ཡང་ཡུལ་མི་རྣམས་ཀྱིས་ལུགས་སྲོལ་དེ་མཚམས་འཇོག་བྱེད་ཐུབ་ཀྱི་མེད་ན་ཡང་། ཁྱིར་དགའ་པོ་ཡོད་མཁན་དང་དུད་འགྲོ་སྲུང་སྐྱོབ་ཚན་པ་མང་པོ་ཞིག་གིས་ངོ་རྒོལ་འོག ཁྱི་ཚོང་རིགས་ཧ་ཅང་ཉུང་དུ་འགྲོ་བཞིན་ཡོད་པ་རེད། གཟའ་འཁོར་སྔོན་མའི་རེས་གཟའ་སྤེན་པའི་ཉིན་ལས་འགུལ་བའི་གནོན་ཤུགས་ཀྱིས་ཟ་ཁང་༡༧ གྱིས་ཁྱི་ཤ་བཙོང་མཚམས་འཇོག་པ་དང་། དེབ་སྐྱེལ་མེད་པའི་ཁྲིམས་འགལ་གྱི་ཟ་ཁང་༤ ལ་ཁྲིམས་ཐོག་ནས་དགག་བྱ་བྱས་འདུག ཡིན་ན་ཡང་ཡུ་ལིན་ནང་ད་དུང་ཟ་ཁང་༤༨ ཀྱིས་ཁྱི་ཤ་བཙོང་བཞིན་ཡོད་པ་རེད།།

Share this:

Leave a Reply