གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ་བ་གཅིག་ཉེན་རྟོག་པས་སྨན་ཁང་དུ་ཁྲིད་འདུག

གཞོན་ལྷན་གྱི་རྒྱུན་ལས་གསུམ་གྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱས་ནས་ཉིན་ཤུ་རྩ་གཅིག་འཁོར་བའི་མཚན་མོ་ཆུ་ཚོད་༡༡ ཐོག ཟས་བཅད་ངོ་རྒོལ་བ་ཚེ་དབང་སྒྲོལ་མའི་གཟུགས་པོ་ཧ་ཅང་སྐྱོ་པོ་ཆགས་ཡོད་པས། རྒྱ་གར་གྱི་ཉེན་རྟོག་པས་སྨན་ཁང་དུ་ཁྲིད་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡ ཉིན་བོད་དོན་ལ་རྒྱབ་སྐྱོར་དགོས་པའི་དགོས་འདུན་དོན་ཚན་ལྔ་རྒྱལ་ཚོགས་སུ་བཏོན་ཏེ། གཞོན་ལྷན་གྱིས་དབུས་རྒྱུན་གསུམ་གྱིས་ཟས་བཅད་ངོ་རྒོལ་བྱས་ཏེ། ཉིན་༢༢ འགྲོ་ཡི་ཡོད་པ་དང་། ད་ལྟ་དབུས་རྒྱུན་རྟ་མགྲིན་སྲིད་གཅོད་དང་བསྟན་འཛིན་དབང་ཕྱུག་གཉིས་ཀྱིས་མུ་མཐུད་ཟས་བཅད་ངོ་རྒོལ་བྱེད་བཞིན་ཡོད་པ་རེད།གཞོན་ལྷན་གྱི་ལས་འགུལ་དེ་སྤེལ་བའི་རིང་རྒྱ་གར་གྱི་བློན་ཆེན་མེས་ན་ཀེ་གྷན་རྡི་(Indian Union Minister Maneka Gandhiji )ཡིས་ཟས་བཅད་ངོ་རྒོལ་བར་གཟིགས་སྐོར་གནང་བ་དང་། རྒྱལ་ཚོགས་ལ་བོད་དོན་ཐོག་རྒྱབ་སྐྱོར་བྱེད་དགོས་པའི་འཕྲིན་ཡིག་བཏང་ཡོད་འདུག
12080858_1040299285993940_1795522140_nདེ་བཞིན་རྒྱ་གར་གྱི་མངའ་སྡེའི་བློན་ཆེན་ཟུར་པ་ཁ་ཤས་ཡང་རྒྱབ་སྐྱོར་ཆེད་ཕེབས་ཡོད་པ་དང་། རྒྱ་གར་གྱི་གཞས་སྣ་རུ་ཁག་པ་རེས་ཀ་མས་(parikama) ཇན་ཏར་མར་རྡར་དུ་གདུང་སེམས་མཉམ་བསྐྱེད་ཀྱི་གཞས་བཏང་ཡོད་པ་རེད།།
གནས་ཚུལ་སྔོན་སོང་།
གསར་འགོད་པ་སྐལ་བཟང་དོན་གྲུབ།