གཞོན་ལྷན་གྱི་ལས་འགུལ་བ་རྣམས་རྒྱ་གར་ཉེན་རྟོག་པས་བཀག་ཉར།

བོད་ཀྱི་གསུམ་བཅུའི་དུས་དྲན་གྱི་སྔ་ཉིན་ཏེ། ཟླ་འདིའི་ཚེས་༩ ཉིན་གྱི་སྔ་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་རྣམས་ཀྱིས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཏུ་ངོ་རྒོལ་བྱས་པར་བརྟེན། ལས་འགུལ་བ་༨༠ ཙམ་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་ཡོད་པ་རེད།

གསུམ་བཅུའི་དུས་དྲན་ཉིན་སྐྱབས་བཅོལ་བོད་མི་གནས་སྡོད་བྱེད་ས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།