གཟའ་ལྷག་པའི་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་དངོས་སུ་འཛིན་བཟུང་བྱས་ཡོད་འདུག

ལྷོ་ཀོ་རི་ཡའི་ནང་ཆབ་སྲིད་ཀྱི་རྙོག་གླེང་བྱུང་ནས་ཟླ་བ་གཅིག་ལྷག་ཙམ་འགྲོ་བཞིན་པའི་སྐབས་འདིར། དེ་རིང་སྤྱི་ཚེས་༡༥ གཟའ་ལྷག་པ་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་དངོས་སུ་འཛིན་བཟུང་བྱས་ནས་ཞིབ་བཤེར་བྱེད་རྒྱུ་ཡིན་འདུག
ཕྱི་ཚེས་༡༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། དེ་རིང་གཟའ་ལྷག་པའི་ཉིན་ལྷོ་ཀོ་རི་ཡའི་ཉེན་རྟོག་པ་དང་གསང་བའི་ལས་བྱེད་ཀྱི་ལྷོ་ཀོ་རི་ཡའི་སྲིད་འཛིན་(Yoon Suk Yeol)ཡོང་སོག་དངོས་སུ་སྲིད་འཛིན་གྱི་སྡོད་གནས་ནས་འཛིན་བཟུང་བྱས་ཏེ་འདྲི་རྩད་ཆེད་དུ་ཁྲིད་ཡོད་འདུག འཛིན་བཟུང་མ་བྱས་སྔོན་དུ་སྲིད་འཛིན་ནས་ཐེངས་
འདིའི་ལྷོ་ཀོ་རི་ཡ་གཞུང་ནས་སྲིད་འཛིན་འཛིན་བཟུང་དང་འདྲི་རྩད་བྱེད་རྒྱུའི་ཐག་གཅོད་དེ་ནི་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་ཡོད་ཀྱང་། མི་མང་ཁྲོད་རྩོད་རྙོག་ཆེ་རུ་ཕྱིན་ནས་མི་གསོད་ཁྲག་སྦྱོར་མི་ཡོང་བའི་ཆེད་དུ་ལྐོག་ཟ་རུལ་སུངས་ཞིབ་བཤེར་བྱེད་མཁན་གྱི་ཡན་ལག་ལས་ཁུངས་ཀྱི་ལས་དོན་ལ་རོགས་འདེགས་ཆེད་དུ་ཞིབ་བཤེར་དང་འཛིན་བཟུང་བྱེད་འཇུག་རྒྱུ་ཡིན་པར་བརྗོད་ཡོད་འདུག ཐེངས་འདིར་འཛིན་བཟུང་བྱས་པའི་སྲིད་འཛིན་ཁོང་ནི་ལྷོ་ཀོ་རི་ཡའི་ལོ་རྒྱུས་ནང་ལས་ཐོག་འཛིན་འཛིན་ཞིག་འཛིན་བཟུང་བྱས་པ་དང་པོ་དེ་ཡིན་འདུག
སྲིད་འཛིན་ཁོང་གིས་ལོ་སྔོན་མའི་ཕྱི་ཟླ་༡༢ ཚེས་༣ ཉིན་ལྷོ་ཀོ་རི་ཡའི་ནང་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་ཀྱང་། ཆུ་ཚོད་དྲུག་གི་རྗེས་སུ་གྲོས་ཚོགས་ཀྱིས་ཁྲིམས་གཞི་དེ་ལག་བསྟར་བྱེད་རྒྱུའི་ཆོག་མཆན་ཐོབ་ཐུབ་མེད། དེའི་རྗེས་སུ་སྲིད་འཛིན་གྲོས་ཚོགས་ཀྱིས་ཕྱིར་འཕུད་བཏང་ཡང་། ཁྲིམས་ཁང་གི་ཁྲིམས་དཔོན་གསུམ་གྱིས་མཐའ་མའི་ཐག་གཅོད་བྱེད་དགོས་ཀྱི་ཡོད་འདུག་པར་བརྟེན། ཕྱི་ཟླ་༡༢ ཚེས་༡༤ ཉིན་ནས་བཟུང་སྲིད་འཛིན་གྱི་ལས་ཀ་མཚམས་འཇོག་བཅུག་ཡོད་འདུག ཕྱི་ལོ་༢༠༢༥ ཟླ་བ་༡ ཚེས་༦ ནང་ཚུད་དུ་སྲིད་འཛིན་ལ་ཞིབ་བཤེར་བྱེད་ཐུབ་པ་དགོས་ཀྱི་ཡོད་འདུག་ལ། གལ་སྲིད་ཞིབ་བཤེར་བྱས་རྗེས་གཞུང་མགོ་རྟིང་སློག་ཐབས་བྱས་ཡོད་པ་དང་། དབང་ཆ་བེད་སྤྱོད་ལོག་པར་བཏང་ཡོད་པ་ཤེས་རྟོགས་བྱུང་ཚེ་སྲིད་འཛིན་ལ་ཉེས་ཆད་ཚབས་ཆེན་པོ་ཕོག་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག
འོན་ཀྱང་། ད་བར་ཟླ་བ་གཅིག་ལྷག་ཙམ་རིང་སྲིད་འཛིན་ལ་ཞིབ་བཤེར་བྱེད་མ་ཐུབ་ནས་ལྷག་ཡོད་འདུག་ཅིང་། དེ་རིང་དངོས་སུ་ལྷོ་ཀོ་རི་ཡའི་གཞུང་གི་བཀའ་རྒྱའི་འོག་སྲིད་འཛིན་དངོས་སུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག ལྷོ་ཀོ་རི་ཡའི་ཕྱོགས་འགལ་སྲིད་དོན་ཚོགས་པས་ཐེངས་འདིར་སྲིད་འཛིན་དངོས་སུ་འཛིན་བཟུང་བྱས་པ་ནི་ལྷོ་ཀོ་རི་ཡའི་དམངས་གཙོ་དང་རང་དབང་། གཞུང། རྩ་ཁྲིམས་སོགས་སྲུང་སྐྱོབ་བྱེད་ཆེད་དུ་ཡིན་པས། དེ་ནི་ཧ་ཅང་གི་ལས་དོན་ཆེན་པོ་ཞིག་གྲུབ་པ་རེད་ཅེས་དང་། ལྷོ་ཀོ་རི་ཡའི་ནང་དྲང་བདེན་དང་གནས་ལུགས། མི་མང་གི་གཞུང་ཞིག་ཡོད་པའི་དཔང་རྟགས་གསལ་པོ་ཆགས་པ་རེད་ཅེས་བརྗོད་ཡོད་འདུག དེ་བཞིན་སྲིད་འཛིན་གྱི་བདེ་འཇགས་སྲུང་སྐྱོབ་འགོ་ཁྲིད་དེ་ཡང་འཛིན་བཟུང་བྱས་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།