གསར་འགོད་པས་པར་ཆས་ཐང་ལ་བཞག་ནས་ངོ་རྒོལ།
ཉི་ཧོང་དང་ལྷོ་ཀོ་རི་ཡའི་བར་དམག་གི་གསང་བ་བརྗེ་ལེན་གྲོས་མཐུན་བཞག་པའི་སྐབས་གསར་འགོད་པ་ཚོར་གསར་འགྱུར་བསྡུ་ལེན་བྱེད་མ་ཅུག་པའི་ཐག་གཅོད་བྱས་པར། ཕྱི་ཟླ་༡༡ ཚེས་༢༣ ཉིན་ཉི་འོང་གི་སྐུ་ཚབ་ལྷོ་ཀོ་རི་ཡའི་བདེ་སྲུང་ལུས་ཁུངས་སུ་སླེབས་སྐབས། གསར་འགོད་པ་ཚོས་སོ་སོའི་པར་ཆས་ཐང་དུ་བཞག་ཏེ་སྐུ་ཚབ་སླེབས་པའི་འདྲ་པར་དང་གསར་གྱུར་འགོད་རྒྱུ་མིན་པའི་ངོ་རྒོལ་བྱས་ཡོད་འདུག །