རྒྱ་བལ་འབྲུག་གསུམ་གྱིས་གཙོས་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཡོད་པའི་དགོན་སྡེ་ཁག་དང་། གཞིས་ཆགས་ཁག བླ་བྲང་ཁག་དང་། མི་སྒེར་སོགས་ཀྱིས་ད་ལམ་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་དུག་ལ་བརྟེན་འཛམ་གླིང་ཧྲིལ་པོར་བརྡབ་གསིག་ཆེན་པོ་གཏོང་བཞིན་པར་ནུས་ཚོད་ཀྱིས་དཀའ་སེལ་རོགས་ཕན་དང་། ལྷག་པར་དུ་གནས་ཡུལ་རྒྱ་གར་གྱི་ས་གནས་མང་པོ་ཞིག་ཏུ་རིས་མེད་ཀྱི་དགོན་སྡེ་ཁག་སོགས་ཀྱིས་རྒྱ་གར་གཞུང་དང་། ཡུལ་མི་ཉམ་ཐག་རྣམས་ལ་རོགས་རམ་གནང་བཞིན་པའི་གནས་ཚུལ་བསྔགས་བརྗོད་དང་ཡི་རངས་ཞུ་དགོས་པ་མང་པོ་ཞིག་འདུག་པ་དག མ་འོངས་པར་ལོ་རྒྱུས་ནང་ལྷག་ཐུབ་པའི་ཆེད་དུ་གནས་ཚུལ་རྣམས་ཡིག་ཐོག་དང་འདྲ་པར་ཁག་བཅས། འདི་ག་བོད་ཀྱི་བང་ཆེན་གསར་ཁང་དུ་བཏང་ན་བོད་དབྱིན་གཉིས་ཐོག་ནས་དྲ་རྒྱ་དང་། དེ་བཞིན་གསར་ཤོག་ཏུའང་རིན་མེད་འགོད་འགྲེམས་ཀྱི་ཞབས་ཕྱི་ཞུ་རྒྱུ་ལགས་ན། འབྲེལ་ཡོད་ཁག་ནས་དེ་ལུགས་གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ་རྒྱུའི་གསལ་བསྒྲགས་སུ། བོད་ཀྱི་བང་ཆེན་གསར་ཁང་ནས་ཕྱི་ལོ་༢༠༢༠ ཟླ་༤ ཚེས་༡༣ ཉིན།
གློག་འཕྲིན་ཁ་བྱང་། tibetexpress@gmail.com
ཁ་པར་ཨང་གྲངས། 8629801989/9882516571/9816178505