གྱོན་ཆས་ངོམ་སྟོན་རྩེ་ཕུད་འགྲན་སྡུར་ནང་བོད་པའི་བུད་མེད་ཅིག་ཚུད་པ།

ཟླ་འདིའི་ཚེས་༢ ཉིན་སྦེལ་རྗམ་དུ་གནས་སྡོད་བྱེད་མཁན་བོད་པའི་བུད་མེད་ལོ་ན་༡༥ ཡིན་པ་བསྟན་འཛིན་འཛོམས་སྐྱིད། སྦེལ་རྗམ་གྱི་བུད་མེད་སྒེག་ཉམས་ངོམ་སྟོན་རྩེ་ཕུད་(Belgium Top Model) ཀྱི་མཐའ་མའི་འགྲན་སྡུར་ལ་ཚུད་ཡོད་པ་རེད་འདུག

དེ་ཡང་འགྲན་སྡུར་དེའི་སྔོན་འགྲོའི་སྐབས་བུད་མེད་༤༠༠ ཡོད་པའི་ཁྲོད། བུད་མེད་༦༥ ཞིག་ཕྱི་ལོ་༢༠༡༨ ལོའི་ཟླ་༡ པོའི་ཚེས་༢༡ ཉིན་ཧྥ་རན་སིའི་རྒྱལ་ས་པེ་རི་སེར་ཚོགས་རྒྱུ་ཡིན་པའི་མཐའ་མའི་འགྲན་སྡུར་ཆེད་འདེམས་སྒྲུག་བྱས་ཡོད་པ་དང་། དེའི་ཁྲོད་བསྟན་འཛིན་འཛོམས་སྐྱིད་ཚུད་འདུག མོ་རང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌེ་བོད་མིའི་གཞིས་སྒར་ནས་ཡིན་པ་དང་། དེང་གི་ཆར་སྦེལ་རྗམ་དུ་གནས་སྡོད་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།