གྲྭ་པ་ཞིག་ཤིང་སྡོང་ལ་སྐེ་བཏག་ནས་གྲོངས་པ།
ཟླ་༡༡ ཚེས་༡༥ ཉིན་དྷ་ས་གངས་སྐྱིད་གནས་ཆུང་གྲྭ་ཚང་གི་རྒྱབ་ཏུ་ཡོད་པའི་ཤིང་ནགས་གསེབ་ཏུ་གྲྭ་པ་ཞིག་གི་སྐེ་ཤིང་སྡོང་ལ་བཏགས་ནས་གྲོངས་ཡོད་པ་རེད།
དེ་ཡང་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལ་དེའི་སྐོར་གནས་འདྲི་བྱས་བ་བརྒྱུད་གནས་ཚུལ་རྒྱུས་ལོན་བྱུང་བར་གཞིགས་ན། གྲྭ་པ་དེ་ལ་དྭགས་ཏོག་དགོན་པའི་གྲྭ་པ་ཞིག་ཡིན་འདུག ཁོང་ནི་རང་ལོ་༤༣ ཡིན་པ་དང་རྒྱུན་རིང་ནས་གློ་བའི་གཅོང་ནད་དང་གཅིན་སྙིའི་ན་ཚ་ན་བཞིན་ཡོད་འདུག་པས། ཐེངས་འདིར་དྷ་སར་སྨན་བཅོས་ཆེད་སླེབས་ནས། གནས་ཆུང་གི་མགྲོན་ཁང་དུ་གནས་སྡོད་བྱས་ཡོད་འདུག
ད་ལྟའི་ཆར་ཁོང་གི་ཕུང་པོ་དེ་ཉེན་རྟོག་པས་སྨན་ཁང་དུ་ཤི་རྐྱེན་བརྟག་དཔྱད་ཆེད་ཁྱེར་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།