གྲྭ་པ་ཞིག་རང་ཤི་བརྒྱབ་འདུག

ཟླ་འདིའི་ཚེས་༢༤ མཚན་མོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌི་རུ་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གནས་སྡོད་སོག་པོའི་གྲྭ་པ་ཞིག་རང་ཤི་བརྒྱབ་ཡོད་འདུག

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རང་ཤི་རྒྱག་ས་མོན་གྷོ་ཌིའི་སྲང་ལམ་ཞིག་་ཡིན་པ་དང་། ཟླ་འདིའི་ཚེས་༢༥ ཞོགས་པ་ཤེས་རྟོགས་བྱུང་སྐབས། ཡི་གེ་ཞིག་བཞག་ཡོད་པའི་ནང་ཁོང་རང་ཤི་རྒྱག་དོན་དཔེ་ཆ་མ་ཤེས་པའི་རྐྱེན་ཡིན་སྐོར་དང་། ནང་མི་ལ་འབྲེལ་བ་བྱེད་སའི་ཁ་པར་ཨང་གྲངས་བཞག་ཡོད་འདུག་ལ། ཉེན་རྟོག་པ་ཡོང་ནས་བརྟག་དཔྱད་བྱས་ཡོད་འདུག
རང་ལོ་༡༩ ཙམ་ཡིན་པ་དང་། སོག་ཡུལ་ནས་ཡོང་སྟེ་ལོ་གཅིག་ཡས་མས་འགོར་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།