ང་ཆུང་དུས་ནས་བོད་ཀྱི་ཆེད་དུ་ཅིག་བྱེད་རྒྱུའི་སེམས་ཤུགས་ཡོད།

ཕྱི་ཟླ་༢ ཚེས་༢༩ ཉིན་གྱི་སྔ་དྲོ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་རྡོ་རྗེ་ཚེ་རིང་གིས་ལྡི་ར་ལྡུན་དུ་བོད་དོན་སྐད་འབོད་བྱས་ཏེ། རང་ལུས་མེར་སྲེག་བཏང་བ་དང་། ཟླ་འདིའི་ཚེས་༣ དགོང་མོ་ལྡི་ལིའི་སྨན་ཁང་ནས་སྐུ་གྲོངས་ཡོད་པ་རེད།

dorjee tserin_16ཁོང་གིས་རང་ལུས་མེར་བསྲེགས་བརྗེས། སྨན་ཁང་དུ་ས་གནས་བརྒྱ་དཔོན་སོགས་ལ་རང་སྲེག་དགོས་དོན་གང་ཡིན་སྐོར་གསུངས་པའི་ནང་། “མིང་ལ་རྡོ་རྗེ་ཚེ་བརྟན་ཟེར་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་བའི་སློབ་མ་ཞིག་ཡིན་་་ང་ཚོ་བོད་དེ་་་༡༩༥༩ ལོར་རྒྱ་མིའི་མངའ་འོག་ཏུ་བསྒྱུར་ནས་བོད་པ་ཁ་ཤས་བོད་ནས་རང་འཇག་བསྡད་་་་་་ཁ་ཤས་རྒྱ་གར་དང་ཕྱི་རྒྱལ་ཁག་མང་པོ་ལ་འགྲོ་དགོས་བྱུང་རེད། ང་རང་ཆུང་དུས་ནས་བོད་ཀྱི་ཆེད་དུ་ཅིག་བྱེད་རྒྱུའི་སེམས་ཤུགས་ཆེན་པོ་ཡོད།༌༌༌༌༌༌༌༌ བོད་སྤྱིའི་ཆེད་དུ་ཅིག་བྱེད་ཡ་ལ་མཐའ་མ་དེར་སོ་སོའི་གཟུགས་པོ་མེར་སྲེག་གཏང་རྒྱུ་རེད་འདུག་བསམ་་་སྣུམ་དང་ཙག་སྒྲ་སོགས་ང་རང་གིས་གྲ་སྒྲིག་བྱས་ནས་མེར་སྲེག་བཏང་ཡིན་་་ངས་སྔོན་ནས་བསམ་བློ་བཏང་ནས་ཕ་མ་གཉིས་ལ་སྐད་ཆ་དྲིས་དུས་ཕ་མ་གཉིས་ཀྱིས་ཁྱོད་མེར་སྲེག་བཏང་བ་ཡིན་ན་ང་གཉིས་སེམས་སྐྱོ་ནས་ཤི་རྒྱུ་ཡིན་ཟེར་ཡིན་ཡང་ཕ་མ་གཉིས་བློས་གཏང་ནས། བོད་སྤྱིའི་ཆེད་དུ་རང་ལུས་མེར་སྲེག་བཏང་ཡིན། ༼མཐའ་མ་དེར་དབུག་རིང་ཞིག་དང་བཅས༽་་་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པ་དང་བོད་རང་བཙན་མྱུར་དུ་ཐོབ་པར་ཤོག་བོད་རྒྱལ་ལོ་”ཞེས་གསུངས་ཡོད་པ་རེད།

༡༩༩༩ ལོར་སྐྱེས་པ་དང་། ད་ལྟ་མ་སུ་རི་བོད་ཁྱིམ་གྱི་འཛིན་གྲྭ་༡༠ ཡིན་འདུག ཕ་མིང་ལ་ཐུབ་བསྟན་དང་། མ་མིང་ལ་ཉི་མ་གཡང་འཛོམས་ཟེར་གྱི་ཡོད་འདུག
ཟླ་འདིའི་ཚེས་༢༩ ཉིན་དཀར་མཛེས་ཁུལ་ཉག་རོང་རྫོང་ཁོངས་སུ་དགེ་འདུན་པ་རང་ལོ་༡༨ ཡིན་པ་སྐལ་བཟང་དབང་འདུས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ནས་སྐུ་གྲོང་ཡོད་པ་བརྟེན། ཕྱི་ཟླ་༣ ཚེས་༢ དགོང་མོ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག དྷ་སར་མི་མང་གིས་མར་མེའི་ཁྲོམ་སྐོར་ཞིག་བྱས་པ་རེད། ཚེས་༣ ཉིན་ཨ་རིའི་ནིའུ་ཡོག་ཏུ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གོ་སྒྲིག་འོག མི་མང་གིས་རྒྱ་ནག་ལ་ངོ་རྒོལ་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད།
གནས་ཚུལ་སྔོན་སོང་།
གསར་འགོད་པ་ཆོས་ཉིད་འོད་ཟེར།