ཅི་འདྲ་བྱས་ནས་ཆོན་ཧྭོང་ཁྲན་གྱི་སྐད་ཆ་མཛེས་བསྒྱུར་བྱ་རྒྱུ་ནི་དཀའ་གནད་ཅིག་རེད།
རྩོམ་པ་པོ། ཀྲང་3 ཧྥུང་། སྒྱུར་བ་པོ། རྫ་ཚེ་རིང་བཀྲ་ཤིས།
སྨི་ཁྲི་(meterstick 米尺) བཅུའི་མཆོང་སྟེགས་(diving platform 跳台)ནས་དང་རབ་(champion 冠军)ལེན་མཁན་གྱི་ལོ་ན་བཅུ་བཞི་ཅན་གྱི་བུ་མོ་ཆོན་ཧྭོང་ཧྲན་གྱི་བརྙན་(video 视频)དེ་ངས་ཐེངས་དུ་མ་ཞིག་ལ་བལྟས་པ་ཡིན། གསར་འགོད་པས་མོ་ལ། ཁྱོད་རང་གང་འདྲ་བྱས་ནས་ཧྲིལ་སྐར་(full marke 满分)ཐོབ་པའི་ཚད་དུ་མཆོང་ཐུབ་པ་ཞིག་བྱུང་བ་རེད་ཅེས་འདྲི་སྐབས། མོས་གསར་འགོད་པར། “དེ་ངས་སྦྱོང་བརྡར་བྱས་པས་རེད། ག་ལེར་བྱས་ནས་རྒྱུན་མ་ཆད་པར་སྦྱང་རྒྱུ་རེད་པཱ། ངའི་ཨ་མ་ནད་ཀྱིས་ཐེབས་ཡོད། ནད་དེའི་མིང་གི་ཡི་གེ་དེ་གང་འདྲ་བྱས་ནས་ཀློག་དགོས་ཀྱང་ངས་མི་ཤེས། ཨ་མའི་ནད་ཅི་ཡིན་མི་ཤེས། ཡིན་ན་ཡང་། ངས་དེ་ནས་བཟུང་སྒོར་མོ་གསོག་འདོད་ཆེན་པོ་བྱུང་སོང་། ད་ང་ཕྱིར་ལོག་ནས་མོ་ལ་སྨན་བཅོས་བྱེད་དགོས། སྒོར་མོ་མང་ཙམ་བསགས་ནས་མོ་ནད་ལས་ཐར་ཐུབ་པ་ཞིག་བྱ་རྒྱུ་ཡིན།”ཞེས་ལན་བཏབ་ཡོད།
འདི་ནི་ཅིག་བྱས་ན་ཊོག་ཀྱོ་ཨོ་ལིམ་ཕིག་གི་ཚོགས་ཐོག་ནས་ཀྲུང་གོའི་ལས་རྩལ་བ་ཞིག་གིས་བཤད་པའི་སྐད་ཆའི་ནང་ནས་འགྲེལ་བརྗོད་ཁག་ཤོས་ཀྱི་གཏམ་བརྗོད་དེ་ཡིན་སྲིད། གསེར་གྱི་རྟགས་མ་ཐད་ཀར་སྒོར་མོ་དང་མགོ་མཉམ་དུ་རིན་ཐང་གཅིག་པར་བརྩིས་པ་རེད། འདི་ལྟ་བུའི་ཁ་རི་ཁ་ཐུག་གི་བཤད་སྟངས་དེས་སྤྱིར་བཏང་ཡིན་ན་མི་ཚོར་ཁ་སྐྱེངས་པོ་ཡོང་དགོས་པ་ལྟ་བུ་ཞིག་རེད་དེ། ད་ལྟའི་དུས་ཀྱི་ཀྲུང་གོ་ནི་སྔར་ལྟར་དངོས་ཡོད་ཀྱི་ཁེ་ཕན་(现实)ལ་གཙིགས་སུ་འཛིན་མཁན་ཞིག་ཏུ་གནས་ཡོད་པ་དེ་མི་ཚང་མས་ཧ་གོ་གསལ་ལྟར་ཡིན་པ་མ་ཟད། ད་ཆ་ནི་སྤྱི་ལོ་༢༠༠༨ ཀྱི་ལོའི་སྔོན་ལྟ་བུའི་གཟེངས་སྐུལ་(encourage and reward 奖励)གྱི་རྔན་པ་དེ་འདྲའི་མང་པོ་མེད་པས། ཨོ་ལིམ་ཕིག་གི་དང་རབ་ཐོབ་ན་ཡང་སྔོན་ཆད་ནང་བཞིན་དེ་ཙམ་ཚད་མཐོ་བའི་གཟི་བརྗིད་ཅིག་ཏུ་བསམ་བཞིན་མེད་ན་ཡང་། གང་ལྟར་སྔར་བཞིན་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་ཀྱི་ཡོད་པས། ཅིག་བྱས་ན་ཆོན་ཧྭོང་ཁྲན་གྱིས་བཤད་པ་ནང་བཞིན་ཨ་མའི་ཚེ་སྲོག་སྐྱོབ་ཐུབ་ཀྱི་རེད།
མི་ཧ་ཅང་མང་པོ་ཞིག་གིས་བརྙན་ཐུང་འདི་བརྒྱུད་སྐུལ་བྱས་ཡོད་མོད། ཡིན་ན་ཡང་མི་ཚོར་སྤྲད་པའི་ཚོར་བ་དེ་གཅིག་མཐུན་ཅིག་བྱུང་མེད། མི་མང་པོ་ཞིག་གིས། “མོའི་སྐད་ཆ་དེས་སེམས་འགུལ་ཐེབས་སོང་། མོ་ནི་ཧ་ཅང་དྲིན་ལན་གསོ་མཁན་ཞིག་རེད། ཁོང་མོའི་ཨ་མ་ནི་དངོས་གནས་བསོད་ནམས་ཅན་ཞིག་རེད།”ཅེས་ཟེར་ཡང་། འདི་འདྲ་བཤད་མཁན་དེ་ཚོས། ཁོང་མོའི་ཨ་མ་དེ་སྲོག་སྐྱོབ་སྨན་བཅོས་སྒུག་བཞིན་པའི་ནད་པ་ཞིག་ཡིན་པ་དེ་རྦད་དེ་སྣང་མེད་བྱས་ཡོད།
དེ་དང་མཉམ་དུ་མི་མང་པོ་ཞིག་ལ་མོའི་སྐད་ཆ་དེས་གཡོ་འགུལ་བཟོས་ཡོད་དེ། དེ་ནི་གསེར་གྱི་རྟགས་མ་ཐད་ཀར་སྒོར་མོ་གསོག་པ་དང་གཅིག་པར་བརྩིས་པ་དེའི་རྒྱབ་ལོགས་སུ་ཁོང་ལྟ་བུའི་དབུལ་པོའི་ཁྱིམ་ཚང་དག་གི་གནས་བབས་གསལ་བཤད་བཟོས་ཡོད་པས་ཡིན། མ་ཟད་དེ་ནི་སྲོལ་རྒྱུན་གྱི་ལས་རྩལ་གྱིས་ཐེངས་འདིར་ཨོ་ལིམ་ཕིག་རྩེད་འགྲན་གྱི་ཐོག་ཏུ་བཞག་པའི་རྗེས་ཤུལ་ཞིག་ཏུ་གྱུར་ཡོད། དབུལ་པོའི་ཁྱིམ་ཚང་གི་ཕྲུ་གུ་དག་རང་གི་མི་ཚེའི་ལས་དབང་ལ་འགྱུར་ལྡོག་ཡོང་རྒྱུའི་ཆེད་དུ་སྲོག་བསྡོས་ཀྱིས་ཆུ་ཟེགས་མནོན་(压水花) (འདི་ནི་ཆུ་རྐྱལ་ལུས་རྩལ་དང་འབྲེལ་ཚད་མཐོའི་བྱང་རྩལ་གྱི་ཞིབ་ཆ་དང་འབྲེལ་བའི་ཐ་སྙད་ཅིག་སྟེ། ཆུ་ནང་དུ་འཛུལ་བའི་སྐབས་སུ་ཆུའི་རླབས་རིས་ཀྱེན་དུ་འཕྱོ་བ་ཞིང་ཆུ་བུར་གྱི་ཟེགས་མ་ཤུགས་ཆེར་འཐོར་བ་སོགས་མི་ཡོང་བར་བྱས་ནས། ལུས་པོའི་ལྗིད་ཚད་སྟངས་འཛིན་གྱིས་ཆུའི་འོག་ཏུ་ཟོར་གྱིས་འཇམ་པོར་འཛུལ་བའི་འཁྱུགས་རྩལ་རྩེ་བ་ཞིག་རེད། སྒྱུར་མཁན་གྱི་མཆན།)ཐུབ་པ་ཞིག་བྱས་ཡོད།
ཁོང་མོའི་བློ་འབྱེད་སྦྱོང་ཁྲིད་པས་(coach 教练)ཀྱང་གསར་འགོད་པར། དང་ཐོག་མོ་བདམས་པ་ནི་མོའི་འཕར་ཤུགས་(leaping ability 弹跳)(གཟུགས་དཔངས་(height 身高) སྨི་ཁྲུ་གཅིག་དང་ཚེག་གཉིས། བཀན་ལངས་(halt 立定)ཀྱིས་སྨི་ཁྲུ་གཅིག་དང་སྐར་མ་བདུན་ཅུ་དོན་དྲུག )ལས་གཞན་དུ་མོའི་ཁྱིམ་གྱི་གནས་སྟངས་སྐྱོ་བོ་ཡིན་པ་དེའང་རྒྱུ་མཚན་གཅིག་ཡིན། ཆུར་མཆོང་ལ་སྦྱོང་བརྡར་བྱེད་པའི་སྐབས་སུ་ཉིན་རྟག་པར་ཕྱི་ལོགས་སུ་ཉི་འོད་ལྡེ་དགོས་ཤིང་། འདི་ཁོ་ནའི་ཆ་ནས་ཀྱང་ཕྱུག་པོའི་ཁྱིམ་ཚང་མང་པོ་ཞིག་གིས་དང་ལེན་བྱེད་དཀའ་བ་ཞིག་རེད། ཅེས་བཤད་ཡོད།
འཕྲིན་སྦྱོར་(media 媒体) མང་པོ་ཞིག་གིས་མོའི་སྐད་ཆ་འདི་ཁ་བྱང་དུ་བདམས་ཡོད་ཅིང་། ཉིན་ཚགས་ག་གེ་མོ་ཞིག་གིས་ཀྱང་གཞུང་ཕྱོགས་ཀྱི་འཕྲིན་ཕྲན་དུ་ཡང་འདིའི་སྐོར་ལ་གསར་འགྱུར་བྲིས་ཡོད་མོད། མོས་བཤད་པའི་སྐད་ཆ་སྟེ། “ཡིན་ན་ཡང་། ངས་ནད་དེའི་མིང་གི་ཡི་གེ་དེ་འདོན་ཤེས་ཀྱི་མེད། བྱས་ཙང་། ཨ་མ་ནད་ཅི་ཡིན་ཤེས་མ་སོང་།”ཞེས་པ་འདི་ཁོང་ཚོས་ཞིབ་ཚགས་ཀྱིས་གསུབ་ཡོད།
དོན་དངོས་ཐོག་ཚིག་འདིའི་ནང་ནས་ལོ་ངོ་བདུན་གྱི་ཐོག་ནས་མགོ་བཙུགས་ཏེ་ཕ་མ་གཉིས་དང་ཁ་བྲལ་ནས་ཆུ་མཆོང་ཁ་ན་སྦྱོང་བརྡར་བྱས་ནས་བསྡད་པའི་ཆོན་ཧྭོང་ཁྲན་གྱིས་སློབ་གྲྭ་འགྲིམ་ནས་ཡི་གེ་ཡག་པོ་ཞིག་སྦྱོང་རྒྱུ་རྩ་བ་ཉིད་ནས་བྱུང་མེད་པའི་གསང་བ་ཞིག་མངོན་བཞིན་ཡོད།
འདི་ནི་དོན་ལ་ལས་རྩལ་རྣམ་གྲངས་ཁག་ཅིག་གི་དངོས་བྲིས་སུ་གྱུར་ཡོད་པ་རེད། ལས་རྩལ་པ་ནི་ཐོག་མར་འདེམས་ཐོན་བྱུང་བའི་དུས་དེ་ནས་བཟུང་སྟེ་རྒྱལ་ཁབ་ཀྱི་མིར་གྱུར་པ་རེད་ལ། ལུས་སེམས་ཡོངས་རྫོགས་རྣམ་གྲངས་དེར་འཛུལ་ཞུགས་ཟིན་པ་རེད། དཔེར་ན། སྒྲོ་བཟེད་( badminton 羽毛球) རྩེ་མཁན་གྱི་འགྲན་མི་གཉིས་ཀྱི་འགྲན་རའི་ནང་ནས་སྐད་ཤུགས་ཆེན་པོས་ཨའོ་ཚའོ་(我操)ཞེས་དབྱུང་དུ་མི་རུང་བའི་གྲོང་ཚིག་གིས་འབོད་ཤལ་འཐེན་པ་དེའང་ངོ་མ་བཤད་ན་ཧང་སངས་རྒྱུ་མེད་པ་རེད། (གནས་ཚུལ་འདི་ཐེངས་འདིའི་རྩེད་འགྲན་སྐབས་ཀྲུང་གོའི་རྩེད་འགྲན་པ་བུ་མོ་གཉིས་ཀྱིས་ཀོ་རེ་ཡའི་རྩེད་འགྲན་པ་དང་འགྲན་སྡུར་སྐབས་བྱུང་ཡོད། སྒྱུར་བ་པོའི་མཆན།) ཁོང་ཚོས་ངར་སྐད་བརྒྱུད་ནས་འགྲན་མིའི་སེམས་ཀྱི་ངར་ཤུགས་སྐྱེད་ཐེབས་བྱེད་ཀྱི་ཡོད་པ་རེད་ལ། ཁོང་ཚོར་ཆེས་བྱང་ཆ་ཡོད་པ་ནི་རྒྱལ་དམོད་(国骂) རེད། (རྒྱལ་དམོད་ཅེས་པ་ནི་རྒྱལ་ཁབ་དེའི་རྒྱལ་ཡོངས་སུ་ཡོངས་ཁྱབ་ཏུ་བཀོལ་བའི་ཐ་ཤལ་གྱི་ཚིག་གམ། མི་ལ་ངན་དམོད་བྱེད་སྐབས་སྤྱོད་པའི་ཚིག་ལ་གོ །བསྒྱུར་བ་པོའི་མཆན།)
དེ་ཚོ་དང་བསྡུར་ན་ཆོན་ཧྭོང་ཁྲན་ནི་ཧ་ཅང་གཙང་མ་རེད། མཚམས་མཚམས་མོ་རང་གིས་གང་ཞིག་བཤད་ན་འོས་འཚམས་ཡིན་པ་དེ་གསལ་པོ་ཞིག་མི་དྲན་པ་ཙམ་ལས། མོའི་གང་བཤད་པའི་སྐད་ཆ་ཚང་མ་རང་བྱུང་ཁམས་ཀྱི་སྐད་སྒྲ་རེད་ཅེས་བརྗོད་ཆོག མོའི་སྐད་ཆ་ནི། མ་བཅོས་པ་དང་། བརྐོས་དཀྲོལ་དང་མཛེས་སྒྲོས་མ་བརྒྱུད་པ་ཞིག་རེད།
མོས་བཤད་རྒྱུ་དེའང་། སྤྱིར་བཏང་རྒྱལ་ཁབ་ཀྱི་སྤྱི་སྐད་ཡིན་ན་ཡང་། མོའི་བེད་སྤྱོད་བཏང་བའི་ཐ་སྙད་དེ་ཚོ་ནི། བཀྭང་ཏུང་ཞིང་ཆེན། ཧྲིན་ཅང་གྲོང་ཁྱེར། མཱ་ཀྲང་ཁུལ། ཝན་ཧི་གྲོང་ཚོའི་སྐད་དེ་དམའ་རིམ་གྱི་ཐ་སྙད་ཡིན་པ་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ད་དུང་བྱིས་པ་ལོ་ཆུང་གི་ཐ་སྙད་རེད། མོ་རང་ལོ་བཅུ་བཞི་ཡིན་ན་ཡང་། ཆུར་འཆོང་གི་སྟངས་སྟབས་ནི་ཧ་ཅང་བྱང་ཆུབ་པ་ཞིག་རེད། ཡིན་ན་ཡང་། སེམས་ཁམས་ཀྱི་ངོས་ནས་བཤད་ན་ད་དུང་རྦད་དེ་ཕྲུ་གུ་ཆུང་ཆུང་ཞིག་རེད།
མོ་ནི་ད་དུང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ། སྦྱོང་ཁྲིད་པར་ཐུགས་རྗེ་ཆེ་སོགས་ཐུགས་རྗེ་ཆེ་ཞུ་བའི་ཚིག་བརྗོད་དེ་ཚོར་བྱང་ཆུབ་པ་ཞིག་ཆགས་མི་འདུག་ལ། དེ་ལྟ་བུའི་སྐད་ཆ་བཤད་སྟངས་ཤིག་གི་རྨང་གཞིའི་ཐོག་ནས་མ་ཡུམ་གྱི་ནད་མནར་སྐོར་གླེང་ཡོད། མ་མཐའ་ཡང་གནས་ཡུལ་མི་འདྲ་བ་གཉིས་ཙམ་དུ་མོས་ཐད་ཀར་རང་ཉིད་ཀྱིས་འབད་བརྩོན་བརྒྱུད་ནས་དང་རབ་ཀྱི་གྲུབ་འབྲས་བླངས་པ་ནི་སྒོར་མོ་བསགས་ནས་ཨ་མ་སྨན་བཅོས་བྱ་ཆེད་ཡིན་པ་གསལ་སྟོན་བྱས་ཡོད། སྐད་ཆ་འདིས་ང་ཚོ་ལ་གང་འདྲ་བྱས་ནས་ཆོན་ཧྭོང་ཁྲན་ལ་འགྲེལ་བརྗོད་བྱེད་དགོས་པ་དེ་དཀའ་གནད་ཅིག་གྱུར་པ་རེད།
ཆོན་ཧྭོང་ཁྲན་གྱི་སྐད་ཆ་དེར། དཔེ་མཚོན་གྱི་རང་བཞིན་ཆེས་ཆེར་ལྡན་པའི་དཔྱད་བརྗོད་ནི་དང་རབ་ཀྱི་དྲིན་གསོའི་སེམས་པ་(冠军的孝心) ཞེས་པ་དེ་རེད། ཉིན་རེའི་ཚགས་པར་ག་གེ་མོའི་འཕྲིན་ཕྲན་གྱི་འོག་གི་ཚད་མཐོའི་བསྟོད་བསྔགས་ཀྱི་མཆན་བུ་དང་པོ་དེའི་ནང་བློ་དཀར་དང་སྲི་ཞུ་གཉིས་ལྡན་ཞེས་ཅུང་མི་འདྲ་བའི་བཤད་སྟངས་ཀྱིས། “རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱས་ཤིང་། ཕ་མར་བསྙེན་བཀུར་ཡང་བྱུང་བ་”ཞེས་བྲིས་ཡོད།
གཞུང་ཕྱོགས་བརྒྱུད་ལམ་གྱིས་ཆོན་ཧྭོང་ཁྲན་སྒྲོག་སྤེལ་བྱེད་པའི་སྐབས་སུ་རྐང་བཙུགས་ནས་མོའི་དཀའ་སྡུག་གི་སྐོར་དང་། མོ་ལ་སློབ་གྲྭ་འགྲིམ་རྒྱུའི་དུས་ཚོད་མེད་པས་ཨ་མའི་ནད་ཀྱི་མིང་གི་ཡི་གེ་ཀློག་མི་ཤེས་པའི་སྐོར། མོའི་ནང་མིའི་དབུལ་ཕོང་གི་གནས་བབས་བཅས་མངོན་གསལ་མེད་པ་བཟོས་ཏེ། མོ་ཆུར་འཛུལ་སྐབས་ཆིལ་ཆིལ་གྱི་འཕྱོ་ཚད་ལ་སྟངས་འཛིན་གྱི་མཛེས་སྡུག་ལ་བསྔགས་བརྗོད་ཁོ་ན་བྱས་ཡོད། དེ་དང་མཉམ་དུ། མོའི་ཚད་གཞི་འདི་འདྲ་ཞིག་ལ་བསླེབས་རྒྱུའི་ཆེད་དུ་མྱངས་བའི་དཀའ་ལས་གང་རྒྱབ་པ་དེ་དག་སྣང་མེད་དུ་བསྐྱུར་ཡོད།
ཡིན་ན་ཡང་། གཞུང་ཕྱོགས་ཀྱིས་བཀྲམ་པའམ་གཞུང་ཕྱོགས་ཀྱིས་ངོས་འཛིན་ཡོད་པའི་འགྲེལ་བརྗོད་འདི་དག་ཚང་མས་ཆོན་ཧྭོང་ཁྲན་གྱི་དོན་ངོ་མའི་ངོ་བོ་གཏན་འབེབས་ཀྱི་མཚན་ཉིད་མཐའ་འཁྱོལ་བ་ཞིག་འཇོག་ཐུབ་པ་ནི་ཧ་ཅང་དཀའ་ཁག་ཅན་ཞིག་ཏུ་གྱུར་ཡོད། མོའི་བཤད་པའི་སྐད་ཆ་དེ་ཚོ་ནི་ཐེངས་མ་གཅིག་ཙམ་ལ་བྱུང་བའི་སྟེས་དབང་ཞིག་མ་ཡིན་པར། ཐོག་མཐའ་བར་གསུམ་དུ་བཤད་སྟངས་ཆ་ཚང་བ་ཞིག་རེད། ད་དུང་མོས། ང་རོལ་རྩེད་གླིང་(amusement park 娱乐圆) དུའང་འགྲོ་མ་མྱོང་ལ། སྲོག་ཆགས་གླིང་གར་( zoo 动物园) ཡང་འགྲོ་མྱོང་མེད། ངས་དོ་ནུབ་ཟ་མ་ཧ་ཅང་མང་པོ་ཟ་འདོད་ཡོད། ཁྱད་པར་དུ་ལཱ་ཐེའོ་(Spicy Bar 辣条)ཟ་འདོད་ཧ་ཅང་ཆེན་པོ་འདུག་ཅེས་བཤད་པ་དེ་རེད།
དེ་མུར་བརྒྱུད་ལམ་ཁག་གིས་ཀྱང་། མོ་རང་སྙིང་རྗེ་མོ་དང་གཡོ་ཟོལ་མེད་པ། སྐྱེ་འཚར་འབྱུང་བཞིན་པའི་ལྷད་མེད་ཀྱི་བྱིས་པ་ཞིག་བཅས་སུ་འབྲི་བཞེངས་བྱས་ན་ཡང་། དེས་ནམ་ཕུགས་མོ་རང་གང་ཡིན་པ་དེ་འགེབས་ཐུབ་ཐབས་མེད་པ་རེད།
མོ་ཅི་ཙམ་ལྷད་མེད་ཡིན་པ་དེ་ཙམ་དུ་མོའི་བཤད་པའི་སྐད་ཆ་དེ་ཚོ་མི་མང་པོ་ཞིག་གི་སེམས་ལ་ན་ཟུག་སྤྲོད་ཀྱི་ཡོད་པར་མ་ཟད། མི་ཚོས་དང་ལེན་བྱ་ཐབས་མེད་བཟོ་གིན་ཡོད་པ་རེད། མ་ཟད་ཁོང་མོའི་ལྷད་མེད་དང་དག་གཙང་གི་རྒྱབ་ལོགས་སུ་གང་ཡོད་པ་དེ་ནི་དངོས་ཡོད་ཀྱི་འཇིག་རྟེན་རང་ཞིག་སྟེ། དེ་ནི་དཔེར་ན། མོའི་ཕ་ཡུལ་གྱི་གྲོང་ཚོའི་མགོ་ཁྲིད་ཀྱིས་ངོ་སྤྲོད་བྱས་པའི། མི་རེའི་ལོ་རེའི་ཆ་མཉམ་ཡོང་བབ་སྒོར་ཁྲི་གཅིག་དང་གཅིག་སྟོང་ཡིན་། ཞེས་བཤད་པ་ནང་བཞིན་རེད། དེས་ན་མོའི་ཕ་ཡུལ་གྱི་གྲོང་ཚོའི་ཆ་རྐྱེན་ནི་འབྲིང་སྨད་དུ་གཏོགས་པ་ཞིག་རེད།
མོས་ལས་དབང་གི་ཆུ་བུར་མི་འཕྱོ་བར་མནོན་ཐུབ་ཀྱི་ཡོད་པ་རེད། མོ་ནི་ལམ་འགྲོ་ཅན་ཞིག་རེད། ཡིན་ན་ཡང་། མོ་དང་འདྲ་བ་མང་པོ་ཞིག་གིས་དེ་ཐུབ་ཀྱི་མེད་པ་རེད།
བསྒྱུར་བ་པོའི་གསལ་བཤད།
གཅིག རྩོམ་ཡིག་གི་ཡོང་ཁུངས་ནི། འབྱོར་འབྲིང་འཚོ་བའི་རྟོག་ཞིབ་ཅེས་པའི་འཕྲིན་སྟེགས་ལས་བསྒྱུར་བ་ཡིན་མོད། རྩོམ་འདི་སྒྱུར་ཟིན་མཚམས་འདིར་ཐོན་དུས་མ་དཔེ་འཕྲིན་སྟེགས་ལས་བསུབས་ཚར་འདུག་མོད། རྒྱ་ཡིག་གི་མིང་། 《如何美化全红婵的发言,是一个难题》 སྤྱད་ནས་དྲ་ལམ་ནས་མ་དཔེ་འཚོལ་ཐུབ་པས་འགྱུར་ནོར་ཡོད་ན་མ་དཔེ་གཞི་རྩར་འཛིན་དགོས།
གཉིས། འདིར་ཡོད་པའི་བོད་དབྱིན་རྒྱ་གསུམ་ཤན་སྦྱར་གྱི་ཐ་སྙད་དག་གསལ་བྱུང་རྒྱུན་བཀོལ་མིང་མཛོད་ཀྱི་ཐ་སྙད་དག་གཞི་རྩར་བཞག་པ་ཡིན་ལ། ཚིག་མཛོད་དེ་ཉིད་现代藏语对照词典 ཞེས་པའི་རྒྱ་ཡིག་འདི་བཏགས་ནས་ཁ་པར་དུ་ཕབ་ལེན་ཐུབ་ཀྱི་ཡོད།།