ཆབ་སྲིད་བཙོན་པ་ཁྲི་རྒྱལ་རྒྱའི་བཙོན་འོག་ནས་གྲོངས་ཡོད་འདུག

རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཁྲི་རྒྱལ་ལ་ཉེས་རྡུང་ཚད་མེད་ཕོག་པར་བརྟེན། ཉེ་ཆར་སྐུ་གྲོངས་ཡོད་ཡོད་པའི་གནས་ཚུལ་འདུག

tudoe1ཟླ་འདིའི་ཚེས་༥ དགོང་མོ་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་བ་ལྟར་ན། ཆབ་སྲིད་བཙོན་པ་ཁྲི་རྒྱལ་ནི་བོད་ཤར་ཕྱོགས་ཁམས་འབྲི་རུ་ནས་ཡིན་པ་དང་། ༢༠༡༣ ལོའི་ཟླ་བ་ ༡༢ ནང་རྒྱ་གཞུང་གིས་འབྲོང་སྣ་དགོན་བདེ་ཆེན་དཔལ་འབར་གླིང་གི་འདུ་ཁང་དང་གྲྭ་ཤག་སྒོ་ཐིལ་བརྒྱབས་ཡོད་པ་དང་། སྐབས་དེར་དམུ་ཁྱིམ་གྲོང་དང་མོ་བ་གྲོང་གི་མི་མང་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་མི་མང་མང་པོ་བཙོན་འཇུག་བྱས་ཡོད་པ་རེད། སྐབས་དེར་ཁྲི་རྒྱལ་འཛིན་བཟུང་བྱས་ཤིང་། ངོ་ལོག་པ་གཙོ་གྲས་ཀྱི་ཉེས་མིང་བཀལ་བ་མ་ཟད། ༢༠༡༣ ལོའི་ཟླ་བ་༩ པའི་ནང་རྒྱ་གཞུང་གི་བཙན་བཀའ་ལ་མ་བརྩིས་པར་འབྲི་རུའི་མི་མང་རྣམས་ཀྱིས་རྒྱ་ནག་གི་སྐར་ལྔའི་དར་དམར་ཁང་ཐོག་ཏུ་མ་བསྒྲེངས་ཤིང་བསྒྲེངས་ཟིན་པ་རྣམས་ཕབ་པ་བཅས་ཀྱི་གནས་ཚུལ་ལ་འགན་འཁྲི་ཡོད་སྐོར་ཀྱི་ཉེས་མིང་འོག་ནས་༢༠༡༤ ལོའི་ཟླ་ ༡ ཚེས་པ་ ༡༤ ལ་ལོ་ངོ་༡༣ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་ལ་ཡུན་རིང་མནར་གཅོད་བཏང་རྐྱེན་ ཉེ་ཆར་བཙོན་ཁང་ནས་སྐུ་གྲོངས་ཡོད་འདུག

ཁྲི་རྒྱལ་ནི་དེ་སྔོན་ཁྲ་རིང་དཔོན་རྡོ་རྗེ་གཞོན་ནུའི་བུ་གཉིས་པ་ཡིན་ཞིང་། རྒྱུན་དུ་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཉན་ཞིབ་ཀྱིས་མི་མང་རྣམས་ལ་༸གོང་ས་མཆོག་གི་མཛད་འཕྲིན་སོགས་བཤད་ཀྱི་ཡོད་པ་རེད། ཁོང་ནི་དགུང་ལོ་ ༧༠ ཡིན་པ་དང་ཁྱིམ་དུ་བཟའ་ཟླ་དང་ཕྲུ་གུ་ལྔ་ཡོད་འདུག ཁོང་གི་སྤུན་རྒན་པ་རེ་དགུའི་ལོ་ནས་གྱ་གཉིས་ཙམ་གྱི་བར་བཙོན་འཇུག་དང་ཉེས་རྡུང་ཚད་མེད་བཏང་བའི་རྗེས། སེམས་ཁམས་ནད་གཞི་ཕོག་རྗེས་བཙོན་གྲོལ་བཏང་ཡོད་པ་དང་། ད་ལྟའང་སེམས་ཁམས་སྐྱོན་ཅན་དུ་གྱུར་ནས་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།
འབྲི་རུ་རྫོང་ལ་དམ་དྲགས་སྐོར་གྱི་གནས་ཚུལ་སྔོན་སོང་།