ཆབ་སྲིད་བཙོན་ཟུར་གྲགས་ཅན་བླ་བྲང་འཇིཊ་མེད་རྒྱ་མཚོ་སྐུ་གྲོངས་འདུག

རྒྱ་ནག་གཞུང་གིས་ཐེངས་མང་བཛིན་བཟུང་མནར་གཅོད་བཏང་ནས་ནད་གཅོང་བཟོས་པའི་བླ་བྲང་འཇིགས་མེད་རྒྱ་མཚོ་ཕྱི་ཟླ་༧ པའི་ཚེས་༢ ཉིན་བོད་མདོ་སྨད་བླང་གི་ཉེ་འགྲམ་གྱི་རང་ཁྱིམ་དུ་སྐུ་གྲོངས་པའི་ཡོད་འདུག

འཇིགས་མེད་རྒྱ་མཚོ་(འཇིགས་མེད་མགོ་རིལ།) ནི་བླ་བྲང་དགོན་པའི་དགེ་འདུན་པ་དང༌། བླ་བྲང་དགོན་པའི་ཉེ་འདབ་ཕུག་སྡེ་ཞེས་པ་ནས་ཡིན་ཞིང༌། ཕྱི་ལོ་༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་ཨམ་རཱ་ཝ་ཏི་རུ་༸གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གནང་སྐབས་ཆེད་བཅར་ཞུས་པ་དང་། ཕྱིར་ཕ་ཡུལ་དུ་ལོག་མ་ཐག་བསང་ཆུ་རྫོང་སྤྱི་བདེ་ལས་ཁུངས་སོགས་ཀྱིས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་དང་དོགས་གཞིའི་འོག་ཐེངས་བཞི་ཙམ་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་པ་རེད། རྗེས་སུ་ཁོང་ལ་རྒྱ་ནག་གཞུག་གིས་མནར་གཅོད་གཏོང་སྟངས་འབྲེལ་ནས། རྒྱ་ནག་གི་འོག་བོད་ཀྱི་དཀའ་ངལ་སྐོར་གྱི་བརྙན་འཕྲིན་ཞིག་ཕྱིར་བསྒྲགས་བྱས་ཡོད་རེད། 

ཕྱི་ལོ་༢༠༡༡ ཟླ་༨ ནང་བསྐྱར་དུ་འཛིན་བཟུང་བཀག་ཉར་དང་། ༢༠༡༤ ལོར་ལན་ཀྲའོ་གྲོང་ཁྱེར་ནང་ཡོད་པའི་ཁྲིམས་ཁང་ཞིག་ནས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པ་ཕྱིར་བསྒྲགས་བྱས་རྗེས། ༢༠༡༦ ལོར་གློད་གྲོལ་བཏང་ནའང་། དེ་སྔ་བཙོན་ཁང་ནས་གཅར་རྡུང་མནར་གཅོད་ཤུགས་ཆེར་བཏང་བའི་ནད་གཞིའི་རྐྱེན་གྱིས་སྨན་ཁང་དུ་ཡུན་རིང་བསྡད་ཀྱང་ཕན་ཐོགས་གང་ཡང་མ་བྱུང་བར། དེ་རིང་ཕྱི་ཟླ་༧ཚེས་༢ ཉིན་ཁོང་གི་ཕ་ཡུལ་བླ་བྲང་དགོན་པའི་ཉེ་འགྲམ་ཕུག་སྡེའི་རང་ཁྱིམ་དུ་སྐུ་གྲོངས་འདུག །

གསར་འགོད་པ་བདེ་སྒྲོན།

རྒྱ་ནག་གི་འོག་བོད་ཀྱི་དཀའ་ངལ་སྐོར་གྱི་བརྙན་འཕྲིན་ཞིག་ཕྱིར་བསྒྲགས་བྱས་ཡོད་རེད།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||