ཇོ་ལེབ་འཇིགས་མེད་ལགས་བཙོན་ནས་གློད་གྲོལ་ཐོབ་པ།

རྒྱ་ནག་གི་བཙོན་དུ་མི་ལོ་བདུན་ལ་བསྡད་པའི་ཆབ་སྲིད་བཙོན་པ་ཇོ་ལེབ་འཇིགས་མེད་ཉེ་ཆར་གློད་གྲོལ་ཐོབ་འདུག

12803104_788931254545732_8931335109699787816_n-300x225ཟླ་༣ཚེས་༡༢་ཉིན་མདོ་སྨད་རྔ་བ་ཕྱོགས་ཀྱི་ཇོ་ལེབ་འཇིགས་མེད་ལགས་རྒྱ་ནག་གི་བཙོན་ནས་གློད་གྲོལ་ཐོབ་རྗེས་ཕྱིར་ཕ་ཡུལ་དུ་འབྱོར་ཡོད་པ་དང་། སྐབས་དེར་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཤེས་ལྡན་པ་ཐེའུ་རང་དང་། ཇོ་ལེབ་ཟླ་བ་སོགས་ཀྱི་གཙོས་ཡུལ་མི་དང་སློབ་གྲོགས་ཚོས་དགའ་བསུ་བྱས་ཡོད་པ་རེད། ཇོ་ལེབ་འཇིགས་མེད་དེ་སྔོན་༢༠༠༩ལོའི་སྤྱི་ཟླ་༩ པར་རྔ་བ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཕྱི་ལོ་༢༠༠༦ལོ་ནས་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་གསང་བ་ཕྱི་བསྒྲགས་བྱས་ཡོད་པའི་ཉེས་འཛུགས་ཀྱིས་བཙོན་འཇུག་ཁྲིམས་ཐག་ལོ་༧བཅད་པ་ཞིག་རེད། དེ་སྔོན་༡༩༩༢ལོར་ཡང་རྒྱ་ནག་གིས་ཆབ་སྲིད་དང་འབྲེལ་བའི་ཉེས་འཛུགས་ཀྱིས་ལོ་གཅིག་ལྷག་ལ་ཁྲིམས་ཆད་གང་ཡང་མ་བཅད་པར་བཙོན་འཇུག་བྱས་མྱོང་ཡོད་པ་དང་། ཁོང་ནི་དེ་སྔོན་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཡིན་པ་རེད།།

གསར་འགོད་པ་ངག་དབར་ཐར་པ།