ཊན་ཤུ་མན་གྷུ་རུང་ལ་ཧི་མ་ལ་ཡའི་མཛངས་མའི་དབུ་རྒྱན་ཐོབ་པ།
ཟླ་འདིའི་ཚེས་༤ ཉིན་གྱི་དགོང་མོར་དྷ་ས་མེག་གྷན་བོད་གཞུང་ཟློས་གར་ཁང་དུ། རྒྱ་གར་གྱི་མངའ་སྡེ་ཨུ་ཊར་ཀན་ཏེའི་ཊན་ཤུ་མན་གྷུ་རུང་ལ་ཧི་མ་ལ་ཡའི་མཛངས་མའི་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་སོང།
ཧི་མ་ལ་ཡའི་མཛངས་མའི་འགྲན་སྡུར་དེ་འདི་ལོ་ཐེངས་གསུམ་པ་དེ་ཡིན་པ་དང། འགྲན་ཞུགས་པ་བུད་མེད་༦ བྱུང་འདུག
འགྲན་བསྡུར་ཁྲོད་ཨང་གཉིས་པ་དེ་བོད་ཀྱི་བུད་མེད་བསྟན་འཛིན་སང་ཉིན་དང། ཨང་གསུམ་པ་དེ་ཨ་རུ་ཎ་ཅལ་གྱི་ཆམ་ཌ་རང་ལ་ཐོབ་སོང། ཨང་དང་པོར་བྱ་དགའ་ཧིན་སྒོར་འབུམ་གཅིག་དང་ ཧི་མ་ལ་ཡའི་མཛངས་མའི་དབུ་རྒྱན་གཡོགས་ཡོད་པ་དང། ཨང་གཉིས་པ་ལ་ཧིན་སྒོར་ཁྲི་ལྔ། དེ་བཞིན་ཨང་གསུམ་པ་ལ་ཧིན་སྒོར་ཁྲི་གཉིས་དང་ལྔ་སྟོང་བཅས་སྤྲད་སོང།
ཟླ་འདིའི་ཚེས་༢ ཉིན་ལ་ཧི་མ་ལ་ཡའི་མཛངས་མའི་འགྲན་སྡུར་གྱི་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་དང། ཚེས་༣ དང་༤ ལ་འགྲན་སྡུར་བྱས་ཡོད་པ་རེད། གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་འགྲན་སྡུར་གྱི་དམིགས་ཡུལ་གཙོ་བོ་ནི་ཧི་མ་ལའི་ས་ཁུལ་གྱི་བུད་མེད་ན་གཞོན་ཚོར། རང་ཉིད་ཀྱི་རིག་གཞུང་གོང་འཕེལ་གཏོང་བ། ཁོར་ཡུག་སྲུང་སྐྱོབ་དང་ཧི་མ་ལ་ཡའི་མི་རིགས་ཕན་ཚུན་འཆམ་མཐུན་ཡོང་ཆེད་ཀྱི་སྡིངས་ཆ་ཞིག་བསྐྲུན་པ་ཡིན་ཞེས་འགྲེལ་བརྗོད་བྱས་སོང། །
གསར་འགོད་པ་སྐལ་བཟང་དོན་གྲུབ།