ཌོ་ནལ་ཊོམ་གྱི་རྒྱལ་ཁར་ངོ་རྒོལ།

ཟླ་འདིའི་ཚེས་༩ ཉིན་ཨ་རིའི་སྲིད་འཛིན་འོས་བསྡུ་མཇུག་བསྒྲིལ་བ་དང་། སྤྱི་མཐུན་ཚོགས་པའི་འོས་མི་ཌོ་ནལ་ཊོམ་ལ་རྒྱལ་ཁ་ཤུགས་ཆེན་ཐོབ་ཡོད་པས། གྲོང་ཁྱེར་ཁག་མང་པོ་ཞིག་ནང་མི་མང་སྟོང་ཕྲག་མང་པོས་ཁོང་ལ་ངོ་རྒོལ་བྱས་ཡོད་འདུག

14971997_1310202609003605_523351510_nདེ་ཡང་ཟླ་འདིའི་ཚེས་༡༠ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་གྲོང་ཁྱེར་ནིའུ་འོག་ཏུ་ཡོད་པའི་ཊོམ་ཁང་བརྩེགས་ཁང་གི་མདུན་དུ་མི་མང་སྟོང་ཕྲག་༥ ལས་མང་བས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། འབོད་སྒྲ་གཙོ་བོ་ཞིག་ནི་“ངའི་སྲིད་འཛིན་མ་རེད་”ཅེས་བསྒྲགས་པའི་ཐོག ཁོང་གི་གནས་སྤོ་བ་དང་ཁ་ཆེ་སོགས་ཀྱི་ཐོག་ལ་འཛིན་པའི་སྲིད་ཇུས་ཐོག་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག དེ་བཞིན་གྲོང་ཁྱེར་གཞན་ཁག་ནང་མི་མང་པོ་ཞིག་གིས་ཊོམ་གྱི་རྒྱལ་ཁ་དེས་ཁོ་ཚོ་ཞེད་སྣང་ངང་སྡོད་རྒྱུ་མིན་པ་དང་། ཕར་རྒོལ་བྱེད་རྒྱུ་ཡིན་པ་སོགས་ཀྱི་འབོད་སྒྲ་བསྒྲགས་ནས་ངོ་རྒོལ་བྱས་ཏེ། ངོ་རྒོལ་བ་མང་པོ་ཞིག་ཁོ་ཚོའི་ནང་མི་དང་གྲོགས་པོ་སོགས་ཨ་རི་ནས་ཕྱིར་འབུད་གཏོང་བར་ཞེད་སྣང་ཡོད་སྐོར་བརྗོད་འདུག གྲོང་ཁྱེར་ཁག་མང་པོའི་ནང་དུ་སློབ་མ་ཚོས་ཀྱང་ངོ་རྒོལ་བྱས་འདུག་པ་དང་། ཨོ་སེ་ཀྲེན་གྲོང་ཁྱེར་དུ་སློབ་མ་ཚོས་ཨ་རིའི་རྒྱལ་དར་མེར་སྲེག་བཏང་ཡོད་འདུག

དེ་བཞིན་གྲོང་ཁྱེར་ཝ་ཤིན་ཀྲོན་དུ་ཡོད་པའི་ཨ་རིའི་ཕོ་བྲང་དཀར་པོའི་མདུན་དུ། མི་མང་པོ་ཞིག་གིས་མར་མེ་སྤར་ནས་ཧཱི་ལ་རིར་གདུང་སེམས་མཉམ་བསྐྱེད་བྱས་ཡོད་འདུག དེ་བཞིན་ཊོམ་གྱི་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ནིའུ་ཡོག་ཊོ་རོམ་ཁང་བརྩེགས་དང་། ཝ་ཤིན་ཊོན་གྱི་ཕོ་བྲང་དཀར་པོའི་མདུན་དུ་དགའ་བསུ་བྱས་ཡོད་འདུག

ཕྱི་ལོ་༢༠༡༧ ལོའི་ཟླ་༡ པོའི་ཚེས་༢༠ ཉིན་སྐུ་ཞབས་ཌོ་ལན་ཊོམ་གྱིས་ཨ་རིའི་སྲིད་འཛིན་ཐེངས་༤༥ པའི་དམ་འབུལ་གནང་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།