ཐའེ་ཝན་གྱི་བུད་མེད་སྲིད་འཛིན་ཐོག་མ་ཚའེ་ཡེང་ཝན་ཟེར་བ་སུ་རེད་དམ།

ཐེ་ཝན་གྱི་བུད་མེད་སྲིད་འཛིན་ཐོག་མ་ཚའེ་ཡེང་ཝན་ནི་ཕྱི་ལོ་༢༠༡༦ ནང་ཐེ་ཝན་གྱི་ལོ་རྒྱུས་ཁྲོད་བུད་མེད་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་འདུག་པ་དང་། ཁོང་མོ་སྲིད་འཛིན་གྱུར་པ་ནས་བཟུང་རྒྱ་ནག་གཞུང་གིས་ཁོང་མོ་ནི་ཁ་བྲལ་རིགས་ལུགས་པ་ཞིག་ཡིན་པར་བརྗོད་ནས་གནོད་ཤུགས་སྤྲོད་པ་དང་འཇིགས་སྐུལ་ཡང་ཡང་བྱེད་ཀྱི་ཡོད་འདུག་ཀྱང་། ཁོང་མོས་ཐའེ་ཝན་གྱི་སྲིད་འཛིན་དུས་ཡུན་གཉིས་རིང་བྱས་ཏེ་འདི་ལོའི་ཕྱི་ཟླ་༠༡ ཚེས་༡༣ ནས་དུས་ཡུན་རྫོགས་ཀྱི་ཡོད་འདུག
ཕྱི་ཚེས་༩ ཉིན་སྦི་སྦི་སིིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཐའེ་ཝན་གྱི་བུད་མེད་སྲིད་འཛིན་ཐོག་མ་ཚའེ་ཡེང་ཝན་འདི་ལོའི་ཕྱི་ཟླ་༡ ཚེས་༡༣ ཉིན་སྲིད་འཛིན་གྱི་དུས་ཡུན་གཉིས་ཚང་ནས་ལས་མཚམས་འཇོག་རྒྱུ་ཡིན་འདུག ཁོང་མོ་ནི་ཕྱི་ལོ་༢༠༡༦ ལོར་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་གྱི་འོས་མི་ལངས་ནས་སྲིད་འཛིན་ཆགས་ཡོད་འདུག་པ་དང་། དུས་དེ་ནས་བཟུང་ཁོང་མོས་ཐའེ་ཝན་གྱི་བདེ་སྲུང་ཆེད་དུ་བྱས་རྗེས་ཆེན་པོ་བཞག་ཡོད་འདུག ད་ཆར་ཁོང་མོ་རང་ལོ་༦༤ ཡིན་འདུག་པ་དང་། ཁོང་མོས་རྒྱ་ནག་དང་ཐའེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པ་གཉིས་བར་བཞག་པའི་༡༩༩༢ ལོའི་གྲོས་མཐུན་ཟེར་བ་དེ་ངོས་ལེན་བྱེད་ཀྱི་མེད་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་མོ་ནི་ཁ་བྲལ་རིགས་ལུགས་པ་ཡིན་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག་ཀྱང་། ཁོང་མོས་བརྗོད་དོན་ལ་རྒྱ་ནག་གཞུང་གི་ངོས་ནས་ཐའེ་ཝན་ལ་བརྩི་སྲུང་བྱས་ན་ཡག་པོ་ཡོད་པ་ལས་ཐའེ་ཝན་གྱི་ངོས་ནས་རྒྱ་ནག་གི་གནོད་ཤུགས་ལ་ནམ་ཡང་མགོ་སྒུར་གྱི་མ་རེད་ཅེས་བརྗོད་འདུག རྒྱ་ནག་གཞུང་གིས་ཁོང་མོ་སྲིད་འཛིན་ཆགས་པ་ནས་བཟུང་ཁོང་མོ་ལ་འཇིགས་སྐུལ་བྱེད་རྒྱུ་མང་དུ་ཕྱིན་ཡོད་འདུག་ལ། ཐའེ་ཝན་ལ་ཡང་འཇིགས་སྐུལ་བྱེད་རྒྱུ་མང་དུ་ཕྱིན་ཡོད་འདུག ད་ལྟའི་སྲིད་འཛིན་འོས་མི་གསུམ་པོའི་ཁྲོད་ནས། བདུན་འདིའི་གཟའ་སྤེན་པའི་ཉིན་ཁོང་མོའི་ཚབ་དུ་སྲིད་འཛིན་གསར་པ་ཞིག་ཡོང་རྒྱུ་ཡིན་པར་བརྟེན། མ་འོངས་པར་སྲིད་འཛིན་སུ་སླེབས་པ་ཡིན་ཡང་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་འཇོག་ཕྱོགས་ཐད་གལ་ཆེན་པོ་ཆཌ་ཀྱི་ཡོད་འདུག
ཚའེ་ཡེང་ཝན་གྱིས་བརྗོད་དོན་ལ། རྒྱ་ནག་གིས་ཐའེ་ཝན་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པས་གང་མགྱོགས་རྒྱ་ནག་གི་མངའ་འོག་ཏུ་གཞུག་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱེད་བཞིན་པའི་སྐབས་སུ། ཁོང་མོ་ནི་ཐའེ་ཝན་གླིང་ཕྲན་གྱི་རང་བཙན་སྲུང་སྐྱོབ་བྱེད་མཁན་དེ་ཡིན་པར་རྗོད་ཀྱི་ཡོད་འདུག ༢༠༡༩ ལོར་ཧོང་ཀོང་ནང་ངོ་རྒོལ་ཆེན་པོ་འབྱུང་དུས་རྒྱ་ནག་གིས་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་ཡོང་ན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེ་ལག་བསྟར་བྱེད་རྒྱུ་ཡིན་པར་རྗོད་ཀྱི་ཡོད་ཀྱང་། ཧོང་ཀོང་ནང་ངོ་རྒོལ་བྱས་པའི་རྐྱེན་གྱིས་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཚའེ་ཡེང་ཝན་ལ་གོ་སྐབས་ཆེན་པོ་བྱུང་ཡོད་འདུག་པ་དང་། ཐའེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པས་རྒྱ་ནག་དང་འབྲེལ་ཐག་ཉེ་བོ་བྱེད་བཞིན་པ་དེར་ཕམ་ཉེས་བྱུང་ཡོད་འདུག ༢༠༡༩ འོས་མ་བླུགས་པའི་ཉིན་གཅིག་གི་སྔོན་དུ་ཚའེ་ཡེང་ཝན་གྱིས། ང་ཚོ་རང་གི་མ་འོངས་པའི་མདུན་ལམ་འདེམས་དགོས་ལ། ང་ཚོ་རང་གི་རང་དབང་དང་དམངས་གཙོའི་ཆེད་དུ་ལང་དགོས་ཞེས་བརྗོད་ཡོད་འདུག སྐབས་དེ་དུས་ཁོང་མོ་ལ་འོས་གྲངས་བརྒྱ་ཆ་༥༧ དང་འོས་མི་ས་ཡ་༨ ཙམ་གྱི་རྒྱབ་སྐྱོར་ཐོབ་ནས་སྲིད་འཛིན་གྱི་གོ་གནས་བཟུང་འདུག ཚའེ་ཡེང་ཝན་ནི་ཐའེ་ཝན་གྱི་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་གྲོང་གསེང་ཞིག་ནང་སྐྱེས་འདུག་ཅིང་། ཁོང་མོའི་ནང་མིར་ཕྲུ་གུ་༡༡ བྱུང་བ་ལས་ཆུང་ཤོས་དེ་ཡིན་འདུག ༡༩༨༠ ནང་ཁོང་མོ་ཐའེ་ཝན་གྱི་ཁྲིམས་ལུགས་རིག་པའི་མཐོ་སློབ་ནས་ཁྲིམས་ལུགས་རིག་པའི་ཐོག་(τηε Νατιοναλ Ταιωαν Υνιϖερσιτψ)གཙུག་ལག་རབ་འབྱམས་པ་ཐོན། ༡༩༨༤ ནང་དབྱིན་ཡུལ་གྱི་མཐོ་སློབ་(τηε Λονδον Σχηοολ οφ Εχονομιχσ ανδ Πολιτιχαλ Σχιενχε)ནས་འབུམ་རམས་པའི་ལག་ཁྱེར་བླངས་ཡོད་འདུག ༡༩༩༠ ནང་ཁོང་མོ་འཛམ་གླིང་ཚོང་འབྲེལ་ལྷ་ཚོགས་དང་ཐའེ་ཝན་བར་འབྲེལ་མཐུད་པའི་ལས་ཀ་བྱས་ཡོད་འདུག་ལ། དེ་ནས་ཐའེ་ཝན་གྱི་སྲིད་འཛིན་(Λεε Τενγ−ηυι)ལིས་ཏེང་ཧུའེ་ཡི་སྐབས་སུ་ཁོང་མོས་ཐའེ་ཝན་བདེ་འཇགས་ལྷན་ཚོགས་ཀྱི་སློབ་སྟོན་པ་ཡང་བྱེད་མྱོང་ཡོད་འདུག ༢༠༠༤ ལོར་ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་ནང་འཛུལ་ཡོད་འདུག་པ་དང་། ལོ་བཞིའི་རྗེས་སུ་ཁོང་མོ་སྲིད་དོན་ཚོགས་པའི་ཚོགས་གཙོ་ཆགས་ཡོད་འདུག ཕྱི་ལོ་༢༠༠༨ ལོར་ཁོང་མོའི་སྲིད་དོན་ཚོགས་པ་སྲིད་འཛིན་གྱི་འོས་བསྡུ་ཁྲོད་ཕམ་ཉེས་ཆེན་པོ་བྱུང་ཡོད་འདུག་ཀྱང་། ཁོང་མོས་འགོ་ཁྲིད་ནས་ཐའེ་ཝན་དམངས་གཙོ་ཡར་ཐོན་གྱི་སྲིད་དོན་ཚོགས་པའི་ས་གནས་མང་པོ་ཞིག་ནས་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་འགོ་བཙུགས་ཡོད་འདུག ཁོང་མོ་ཐོག་མར་ཕྱི་ལོ་༢༠༡༢ ནང་སྲིད་འཛིན་འོས་མི་ལང་མྱོང་ཡོད་འདུག་ཀྱང་རྒྱལ་ཁ་ཐོབ་མི་འདུག ཕྱི་ལོ་༢༠༡༦ ནང་བསྐྱར་དུ་ལངས་ནས་ཁོང་མོ་ཐའེ་ཝན་གྱི་ལོ་རྒྱུས་ཁྲོད་བུད་མེད་སྲིད་འཛིན་ཐོག་མ་དེ་ཆགས་རྗེས། ཕྱི་ལོ་༢༠༢༠ ནང་བསྐྱར་དུ་སྲིད་འཛིན་དུས་ཡུན་གཉིས་པ་དེ་ཐོབ་ནས་འདི་ལོར་དུས་ཡུན་གཉིས་རྫོགས་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།