ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས།

ཟླ་འདིའི་ཚེས་༨ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ཐའེ་ཝན་ནང་གི་སྐབས་བཅུ་བའི་གྲོས་ཚོགས་ཀྱི་འཐུས་མི་གསར་འདེམས་བྱུང་བ་དང་འབྲེལ་ནས།གྲོས་ཚོགས་འཐུས་མི་༤༦ལྷག་གི་རྒྱབ་སྐྱོར་གྱི་འོགབོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་གསར་པ་ཞིག་བསྐྱར་དུ་བཙུགས་འདུག

ཐེངས་འདིའི་ཐའེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུའི་སྐབས་སུ།གྲོས་ཚོགས་འཐུས་མི་༤༦མཉམ་ཞུགས་བྱས་པ་དང་།ཐའེ་ཝན་བོད་ཀྱི་དོན་གཅོད་པ་ཟླ་བ་ཚེ་རིང་དང་དོན་གཅོད་ཁང་གི་ལས་བྱེད།བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་བཅས་མཉམ་ཞུགས་བྱས་ཏེ།གྲོས་ཚོགས་ཀྱི་འཐུས་མི་བརྒྱད་ཀྱིས་བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་འདུགསྐབས་དེར་ཐའེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་གཙོ་སྐུ་ཞབས་ཧྥི་ཌི་ལེམ་(Freddy Lim)གྱིས་གཏམ་བཤད་གནང་སྐབས། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་མ་ཟད།བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་ལ་ཡང་རྩ་གཏོར་གཏོང་གི་ཡོད་པ་ཡོངས་གྲགས་གནང་བ་དང་སྦྲགས།༸གོང་ས་སྐྱབས་མགོན་རིན་པོ་མཆོག་ག་དུས་ཐའེ་ཝན་དུ་ཕེབས་པ་ཡིན་ན་ཡང་ཐའེ་ཝན་སྲིད་གཞུང་གིས་དགའ་བསུ་ཞུ་རྒྱུ་ཡིན་སྐོར་གསུངས་འདུག

ཐའེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་དེ་ནི་སྔོན་མ་ནས་དེབ་སྐྱེལ་བྱས་ཡོད་པའི་ཚོགས་པ་ཞིག་ཆགས་ཀྱི་ཡོད་པ་དང་།གྲོས་ཚོགས་ཀྱི་འོས་བསྡུ་དང་འབྲེལ་ནས་འཐུས་མི་གསར་བ་མང་པོ་ཞིག་ཡིན་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།