དཀར་མཛེས་རྫོང་ཐོག་ཏུ་བོད་མི་ཞི་རྒོལ་བ་ཞིག་འཇུ་བཟུང་།
ཟླ་འདིའི་ཚེས་༡༤ ཉིན་མདོ་ཁམས་ཏྲེ་ཧོར་དཀར་མཛེས་རྫོང་ཐོག་ཏུ་འཇམ་དབྱངས་རྡོ་རྗེས་བོད་དོན་ཞི་བའི་ངོ་རྒོལ་བྱས་པར་བརྟེན་རྒྱ་གཞུང་གིས་འཇུ་བཟུང་བྱས་ཡོད་འདུག
དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ལོ་༢༠༡༦ ལོའི་ཟླ་༢ པའི་ཚེས་༡༤ དང་། འདི་ལའི་བོད་ཀྱི་ལོ་སར་ཚེས་༦ ཉིན་གྱི་སྔ་དྲོ་དཀར་མཛེས་རྫོང་གི་ཁྲོམ་གཞུང་ཏུ་བོད་དོན་ཞི་བའི་ངོ་རྒོལ་བྱས་པར་བརྟེན། རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་པ་དང་། གནས་ཚུལ་དེ་ཕྱི་ལོག་མི་ཁྱབ་པའི་ཆེད་དུ་ཁོང་གི་ནང་མི་དང་འབྲེལ་ཡོད་མང་པོའི་ཁ་པ་ཨང་གྲངས་ཉེན་རྟོག་ལས་ཁུངས་སུ་ཐོ་མིང་བཀོད་བཅུག་དེ་དམ་དྲགས་བྱས་ཡོད་འདུག
འཇམ་དབྱངས་རྡོ་རྗེ་ནི་རང་ལོ་༤༡ ཙམ་ཡིན་པ་དང་། དཀར་མཛེས་རྫོང་གི་ཉེ་འཁྲིས། འབུ་ཆུ་གྲོང་ནས་ཡིན་འདུག ཕ་མིང་ལ་སངས་རྒྱས་རྒྱ་མཚོ་དང་། མ་མིང་ལ་རིག་འཛིན་ལྷ་མཚོ་ཟེར་གྱི་ཡོད་འདུག
བོད་ཀྱི་ལོ་སར་མ་ཚེས་གོང་ཙམ་ནས་དཀར་མཛེས་ཁུལ་གྱི་རྫོང་ཁག་མང་པོའི་ནང་སྐད་འཕྲིན་བརྒྱུད་ལམ་འགོག་པ་སོགས་བྱས་ཏེ། རྒྱ་ནག་གིས་དམ་དྲག་བྱས་ཡོད་པ་རེད།
གསར་འགོད་པ་ཆོས་ཉིད་འོད་ཟེར།