དཀར་ཟས་རིང་ལུགས་པ་གསར་པ་སླེབས་བྱུང་།

བསྒྱུར་རྩོམ། འཛུམ་པའི་ཟུར་མིག

མི་རྣམས་ཀྱི་རྟག་པར་དཀར་ཟས་རིང་ལུགས་པ་ནི། ཆོས་ལུགས་དང་མི་རིགས་ཡང་ན་ཁྱད་མཚར་གྱི་གོམས་གཤིས་ཀྱི་དབང་གིས་བྱ་དང་གག་པ་ཉྭ་སོགས་སྲོག་ཆགས་ཀྱི་ཤ་བཟའ་ཆས་མི་བྱེད་པར་འདོད། འོན་ཀྱང་ང་ཚོའི་བཤད་པའི་དཀར་ཟས་རིང་ལུགས་པ་གསར་བ་དེ་ཚོ་ནི། ཆོས་ལུགས་དད་མོས་ངེས་ཅན་ཞིག་མིན་ལ། རྫིག་པོ་བྱེད་པའམ་ཉྭ་ཆེན་ཤ་ཚོན་བཟས་ནས་སུན་སོང་བ་དེ་བས་ཀྱང་མིན། ཁོ་ཚོས་དཀར་ཟས་འདེམ་པ་ནི་ལུས་ཕུང་བདེ་ཐང་གི་ཆེད་དང་། ཁོ་ཚོས་དཀར་ཟས་འདེམ་པ་ནི་རྒྱས་སྤྲོས་དང་འདུ་འཛི་ཆེ་བའི་གྲོང་ཁྱེར་ནས་དྭངས་གཙང་གི་སེམས་ཁམས་ཞིག་སོར་འཇོག་བྱེད་ཆེད་ཡིན།

ཁོ་ཚོས་དཀར་ཟས་འདེམ་པ་ནི་ཁོ་ཚོའི་འཚོ་བ་སྐྱེལ་ཡུལ་སྲུང་སྐྱོབ་བྱེད་པ་དང་། ཁོ་ཚོས་དཀར་ཟས་འདེམ་པ་ནི་མིའི་རིགས་མ་ཡིན་པའི་ཚེ་སྲོག་གཞན་པར་འདྲ་མཉམ་གྱི་དབང་ཆ་སྤྲོད་རྒྱུ་དང་། ཁོ་ཚོས་དཀར་ཟས་འདེམ་པ་ནི་རང་ཉིད་ཀྱི་བདེ་ཐང་གཙིགས་སུ་བཟུང་ནས་མི་མ་ཡིན་པའི་ཚེ་སྲོག་གཞན་པར་དེ་ལས་ལྷག་པའི་བརྩེ་བ་དང་བརྩི་འཇོག་ཞིག་ཏུ་རྩི་བཞིན་ཡོད། དེ་ན།”དཀར་ཟས་རིང་ལུགས་གསར་པ་ནི་”ང་ཚོ་དང་བར་ཐག་རིང་ངམ། ཡིག་ལས་ཐོག་ཁང་ནང་གི་སྲས་མོ་ཚོས་དཀར་ཟས་དེ་དགུང་ཟས་བྱེད་པ་དང་། སློབ་ཆེན་ཟ་ཁང་དུ་དཀར་ཟས་ཁོ་ན་འདེམ་པའི་སློབ་ཆེན་སློབ་མ་དང་། དཀར་ཟས་ཁང་ནང་ཕར་འགྲོ་ཚུར་འོང་བྱེད་པའི་མགྲོན་པོ་དག་མཐོང་དུས་ང་ཚོས་ཚོར་བྱུང་། དཀར་ཟས་རིང་ལུགས་པ་གསར་བ་ངོ་མ་སླེབས་བྱུང་།”དཀར་ཟས་རིང་ལུགས་པ་གསར་བ”ང་ཚོའི་འགྲམ་དུ་ཡོད། གྲངས་ཀ་ཉུང་ཉུང་ཞིག་ཡིན་ནའང་། མཐར་གཏུགས་ན་མི་རྣམས་ཀྱིས་རྟོགས་ཐབས་མེད་པ་ཞིག་རེད་བསམ་མི་སྲིད། ཕལ་ཆེར་མི་རིང་བའི་རྗེས་ནས་དཀར་ཟས་དེ་དེ་ལས་མང་བའི་མིའི་མི་སྒེར་གྱི་གདམ་གསེས་ཤིག་ཏུ་འགྱུར་ངེས་རེད། དཀར་ཟས་རིང་ལུགས་པ་གསར་བས་ང་འཚོ་ལ་རྒྱུ་མཚན་གསུམ་གསལ་བཤད་བྱས་ཡོད: གཅིག ཁོར་ཡུག་སྲུང་སྐྱོབ། དཀར་ཟས་རིང་ལུགས་པ་གསར་བའི་བཏོན་པའི་ཁོག་ཡུག་སྲུང་སྐྱོབ་དགོས་པའི་རྒྱུ་མཚན་ནི། མི་རྣམས་ཀྱི་བཟའ་བཏུང་གོམས་གཤིས་ཀྱིས་ང་ཚོའི་འཚོ་གནས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱིན་ཡོད་པ་ཁོ་ཚོའི་ངོས་འཛིན་ཐུབ་གྱི་ཡོད། དམར་ཟས་ཐོན་ལས་འཕེལ་རྒྱས་འབྲེལ་བ་ནས་ཐོན་ཁུངས་འབོར་ཆེན་སྤྱོད་པ། སྲོག་ཆགས་ཀྱི་བཤང་གཅིའི་ཐོན་ལས་འབོར་ཆེན་བྱེད་པ་སོགས་ཀྱིས་ཁོར་ཡུག་ལ་འབག་བཙོག་ཚབས་ཆེན་བཟོས་ཡོད། ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་བྱེ་བྲག་ཏུ་བཤད་ན། ཆུའི་འབག་བཙོག སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་བྱེད་སའི་ས་གནས་ནས་ཐོན་པའི་སྙིགས་ཆུའི་ཆུ་འགོ་འབག་བཙོག་བྱེད་སྲིད། མཁའ་རླུང་འབག་བཙོག་སྲོག་ཆགས་ཀྱི་བཤང་གཅིའི་ཁྲོད་ནས་ཐོན་པའི་རླུང་གཟུགས་ཀྱིས་མཁའ་རླུང་ལ་འབག་བཙོག་བཟོ་བ་མ་ཟད་ད་དུང་གོ་ལ་ཧྲིལ་བོའི་གནམ་གཤིས་དྲོ་རུ་འགྲོ་ངེས་རེད། ས་རྒྱུའི་བསླད་སྐྱོན། ཕལ་ཆེར་གོ་ལ་ཧྲིལ་བོའི་བརྒྱ་ཆ་40ཡི་འབྲུ་རིགས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་བྱེད་པར་སྤྱོད་བཞིན་ཡོད་ལ། ཨ་རི་ནས་བརྒྱ་ཆ་70ཡི་བརྒལ་བའི་འབྲུ་རིགས་དེ་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་བྱེད་པར་སྤྱོད་བཞིན་ཡོད། ཤ་རྒྱ་མ་གང་དང་སྒོང་ང་གཅིག་ཐོན་སྐྱེད་བྱེད་ཐུབ་ཆེད། ས་ཞིང་ཕྱི་ངོས་ཀྱི་ས་རྒྱུ་རྒྱ་མ་ལྔ་མེད་པར་འགྱུར་སྲིད། ཆུའི་ཟད་གྲོན། ཚོད་དཔག་བྱས་པ་ལྟར་ན་ནོར་ལུག་གསོ་ཚགས་བྱེད་པར་བཀོལ་བའི་འབྲུ་རིགས་དང་རྩྭ་སྐམ་ཕྱེད་ཀ་དེ་ཞིང་ཆུ་འདྲེན་དགོས་པའི་ས་ཞིང་དུ་སྐྱེ་བཞིན་ཡོད། ཤ་རྒྱ་མ་གང་ཐོན་སྐྱེད་བྱེད་ཆེད་ཆུ་ཧྲེང་380 ཟད་གྲོན་བྱེད་དགོས། ནོར་ལུག་གསོ་སྤེལ་བྱས་པའི་རྐྱེན་གྱིས་ཕལ་ཆེར་ཨ་རིའི་ནུབ་རྒྱུད་ཀྱི་བརྒྱ་ཆ10 ཡི་ས་ཞིང་བྱེ་ཐང་དུ་གྱུར་ཟིན། ནུས་ཁུངས་ཟད་གྲོན:སྔོ་ཚལ་དང་བསྡུར་ན། སྒོ་ཕྱུགས་དང་ཁྱིམ་བྱ་སོགས་ཐོན་སྐྱེད་དང་སྐྱེལ་འདྲེན་བྱེད་པའི་ནུས་ཁུངས་ཟད་གྲོན་ནི་སྔོ་ཚལ་ལས་ལྡབ་བཅུ་ལས་མང་བ་རེད།

གཉིས། སྲོག་ཆགས་ལ་འདྲ་མཉམ་གྱི་དབང་ཆ་སྤྲོད་པ། དཀར་ཟས་རིང་ལུགས་པ་གསར་བ་ཁག་ཅིག་གི་བཤད་རྒྱུར། ཁོ་ཚོས་ཤ་དང་ཉྭ་སོགས་མི་ཟ་བའི་རྒྱུ་མཚན་གང་ཡིན་ཟེར་ན། ཁོ་ཚོའི་སྲོག་ཆགས་ཀྱི་སྲོག་གཅོད་པ་དེ་ཡི་རང་བྱེད་ཀྱིན་མེད་ལ། བཟའ་ཆས་ཐོབ་ཆེད་སྲོག་ཆགས་གསོ་ཚགས་དང་སྲོག་གཅོད་པ་དེ་ཡང་ངོ་རྒོལ་བྱེད་ཀྱི་ཡོད། སྲོག་ཆགས་ཁེ་དབང་སྲུང་སྐྱོབ་རིང་ལུགས་པ་དག་གི་བསམ་པར། དཀར་ཟས་ཀྱིས་མི་ཡི་སྲོག་ཆགས་འཚོ་གནས་ཀྱི་ཁེ་དབང་ལ་བརྩི་འཇོག་བྱེད་པ་མཚོན་ཡོད། འཛམ་གླིང་ཡོངས་ཀྱི་ལོ་རེའི་སྲོག་ཆགས་ཀྱི་སྲོག་གཅོད་པའི་ཁ་གྲངས་ནི་འཛམ་གླིང་གི་མི་འབོར་གྱི་ལྡབ་བདུན་ཡིན། མིའི་རིགས་འཚོ་བའི་ས་ཆ་སོ་སོ་ན། གང་སར་སྲོག་ཆགས་ཀྱི་སྲོག་གཅོད་ཀྱིན་འདུག ལྷག་པར་དུ་དེང་རབས་བཟོ་ལས་ཅན་གྱི་གསོ་ཚགས་བྱེད་སྟངས་དེས་སྲོལ་རྒྱུན་གསོ་ཚགས་བྱེད་སྟངས་ཀྱི་ཚབ་བྱེད་ཀྱིན་གདའ། དེ་ལྟར་མིའི་རིགས་ཀྱི་དམར་ཟས་དགོས་མཁོ་སྐོང་ཆེད། སྲོག་ཆགས་ཀྱི་སྲོག་གཅོད་པ་དེ་བས་མང་དུ་འགྲོ་བཞིན་མཆིས།

གསུམ། དཀར་ཟས་ཀྱིས་བདེ་ཐང་ལ་ཕན་པ་ཡོད། དཀར་ཟས་དེ་དེང་རབས་ཀྱི་མི་ལ་མཚོན་ནས་བཤད་ན། ཆེས་དངོས་ཡོད་ཀྱི་ཤུགས་རྐྱེན་ནི་བདེ་ཐང་གི་ཕན་ནུས་དེ་རེད། རྟག་དཔྱད་བྱས་པ་ལ་གཞིག་ན། སྤྱིར་སྟངས་དཀར་ཟས་སྤྱོད་མཁན་གྱི་མི་ནི་ནད་མེད་ཚེ་རིང་ངང་གནས་ཡོད། མི་འདི་དག་གི་ཁྲོད་དུ། མི་རེ་འགའི་ལོ་ནི་110 ལས་བརྒལ་ཡོད། དམར་ཟས་འཛད་སྤྱོད་ཀྱི་ཚད་ཧ་ཅང་མང་བའི་རྒྱལ་ཁབ་ཏུ། སྔར་ལས་མང་བའི་ནད་དག་ནི་དམར་ཟས་ལ་མོས་པའི་རྐྱེན་ནོ།།