དགེ་རྒན་གྱི་ས་མིག་གསལ་བསྒྲགས།
རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་སློབ་གྲྭར་དམའ་རིམ་དགེ་རྒན་གཅིག་དང་མཐོ་རིམ་ཨིན་དགེ་གཅིགགློག་ཀླད་དགེ་རྒན་གཅིག་བཅས་ཀྱི་ས་མིག་སྟོང་པ་ཡོད་ལགས་ན།གཤམ་གསལ་ལྟར་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ནས་ཕྱི་ལོ་༢༠༡༦ཟླ་༦ཚེས་༣༠ལས་འགྱངས་མེད་ལག་འཁྱེར་དང་མཉམ་དུ་ཨིན་ཡིག་ཐོག་སྙན་ཞུ་བཅས།འདི་ག་འབྲས་བློ་གླིང་ཕྱག་མཛོད་ཁང་དུ་འབྱོར་ངེས་དགོས་རྒྱུ་དང་ཁྱད་ཆོས་ཚང་རིགས་ལ་བཅར་འདྲིའི་དུས་ཚོད་སོགས་ཀྱི་བརྡ་ལེན་རྗེས་སུ་སྤྲོད་རྒྱུ་ཡིན།
ཀ ༼ས་མིག་གསུམ་ཁར་ཐུན་མོང་དུ་དགོས་ངེས་ཀྱི་ཆ་རྐྱེན།༽
༡༽ རང་ཉིད་ཀྱི་ལོ་རྒྱུས་ཡིག་ཐོག་ལ་མདོར་བསྡུས་ཙམ་དང་བཙན་བྱོལ་བོད་མིའི་དཔྱ་ཁྲལ་༢༠༡༥བར་ཕུལ་ཟིན་པའི་ལག་དེབ་ངོ་བཤུས།རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་དེབ་(R.C.)ངོ་བཤུས།
༢༽ ཨིན་ཇི་སྒྲ་དག་སྒྲོས་གཙང་དང་སློབ་ཁྲིད་སྐབས་ཉན་འཇོག་བདེ་བའི་ཐབས་ཇུས་མཁས་པ།
༣༽ དེ་སྔོན་སློབ་གྲྭ་སོགས་ཀྱི་ནང་སློབ་ཁྲིད་བྱས་པའི་ཉམས་མྱོང་ལག་འཁྱེར་ཡོད་ན་འདེམས་སྒྲུག་སྐབས་དམིགས་བསལ་ཡོད།
༤༽ ད་ལྟ་ཕྱག་ལས་གནང་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་རྒྱབ་གཉེར་ཡིག་ཆ།
༥༽ དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་།གློག་འཕྲིན།EmailID ཁ་པར་ཨང་གྲངས་སོཊ སྙན་ཞུ་ནང་ཁ་གསལ་བཀོད་དགོས།
ཁ ༼དམའ་རིམ་དགེ་རྒན་ལ་དགོས་ངེས་ཀྱི་ཆ་རྐྱེན༽
༡༽ རྒྱ་གར་དབུས་གཞུང་གིས་ངོས་འཛིན་ཡོད་པའི་ཤེས་ཚད་(TTC)ཡང་ན་( BEd )ལག་འཁྱེར་ཡོད་པ།༢༽ཕྱི་ལོ་༢༠༡༦ཟླ་༡༠ཚེས་༣༠བར་རང་ལོ་༣༠མ་ཟིན་པ།༣༽མ་མཐའ་འཛིན་གྲྭ་བཅུ་གཉིས་བར་བོད་ཡིག་སློབ་ཚན་བླངས་ཡོད་པ།༤༽ཟླ་ཕོགས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ནས་གང་གནང་འབུལ་རྒྱུ།ག༼མཐོ་རིམ་ཨིན་དགེ་དང་གློག་ཀླད་དགེ་རྒན་ལ་དགོས་ངེས་ཀྱི་ཆ་རྐྱེན།༽༡༽ཨིན་ཇི་དགེ་རྒན་གྱི་ཤེས་ཚད་ ( B.A.)ལག་འཁྱེར་ཡོད་པ།
༢༽ འཛིན་གྲྭ་དྲུག་པ་ནས་བཅུ་པའི་བར་ཨིན་སྐད་ཐོག་ནས་སློབ་ཁྲིད་གནང་ཐུབ་པ།
༣༽ གློག་ཀླད་དགེ་རྒན་གྱི་ཤེས་ཚད་(BCA)ལག་འཁྱེར་ཡོད་པ།༤༽ཐོག་མར་ཟླ་བ་གསུམ་རིང་ཚོད་ལྟའི་ཆེད་དུ་ཟླ་ཕོགས་ཧིན་སྒོར་༧༠༠༠རེ་གཅིག་མཚུངས་ཡིན།ཞིབ་ཕྲའི་གནས་ཚུལ་འབྲས་སྤུངས་བློ་གླིང་འཛིན་སྐྱོང་ཁང་ལ་འབྲེལ་གཏུགས་ཡོད་པ་ཞུ།
འབྲེལ་བ་གནང་ཡུལ།
ཁ་པར་ཨང་།08301-245649, 245699 , 245607
གློག་འཕྲིན་ཁ་བྱང་།loselingadmoffice@rediffmail.com.
འབྲས་སྤུངས་བློ་གསལ་གླིང་ཕྱག་མཛོད་ཁང་ནས། ཕྱི་ལོ་༢༠༡༦ཟླ་༥ཚེས་༡༧ཉིན་ཕུལ།