དགེ་ལུགས་པའི་ཚོགས་ཆེན།

ཟླ་འདིའི་ཚེས་༢༣ ནས་ཉིན་གཉིས་རིང་དགེ་ལུགས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་འཚོགས་ཡོད་པ་དང་། ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་དང་། དགའ་ལྡན་ཁྲི་རིན་པོ་ཆེ། དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་སོགས་ཀྱིས་གསུང་བཤད་གནང་ཡོད་པ་རེད། རྒྱལ་བར་འབྲུག་གསུམ་གྱི་རི་བོ་དགེ་ལུགས་པའི་དགོན་སྡེ་༩༠ ལྷག་གི་སྐུ་ཚབ་སུམ་བརྒྱ་ལྷག་ཚོགས་བཅར་བྱས་ཡོད་པ་རེད། ཉིན་གཉིས་རིང་བགྲོ་གླེང་རྗེས་མཇུག་བསྡོམས་ཐོག་༧གོང་ས་མཆོག་ཕེབས་ཀྱི་ཡོད་པ་རེད།