དཔེ་སྟོན་སློབ་གྲྭ་འབྲིང་རིམ་སློབ་གྲྭར་བསྒྱུར་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་འོག་ཡོད་པའི་དཔེ་སྟོན་སློབ་གྲྭར་སློབ་མ་མང་དུ་སོང་ནས། སློབ་གྲྭའི་ནང་མ་ཤོང་པའི་དཀའ་ངལ་འཕྲད་ཀྱི་ཡོད་པས། ད་ལྟ་འབྲིང་རིམ་སློབ་གྲྭར་བསྒྱུར་ཡོད་པ་རེད།

screen-shot-1938-07-04-at-12-03-32-pm-copyདེ་ཡང་ཟླ་འདིའི་ཚེས་༢༦ ཉིན་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་དཔེ་སྟོན་སློབ་གྲྭའི་གནས་སྟངས་སྐོར་ལ་དྲིས་ལན་གནང་ཡོད་པ་དང་། དཔེ་སྟོན་སློབ་གྲྭ་གནས་སྤོས་སྐོར་ལ་གོ་བསྡུར་བྱས་ཏེ། གསོག་སྒར་ཤེས་རབས་དགའ་ཚལ་གླིང་དུ་སྤོ་རྒྱུ་བྱས་ཡོད་ནའང་། དེའི་ནང་སློབ་གཉེར་བྱེད་བཞིན་པའི་སློབ་མ་ཚོས་མོས་མཐུན་མེད་པ་དང་། དེ་བཞིན་སློབ་མའི་གྲངས་ཀའི་ཆ་ནས་སྡེ་ཚན་གསུམ་དུ་བགོས་ན། འཛིན་སྐྱོང་སོགས་ཀྱང་སྟབས་བདེ་པོ་མེད་པའི་དཀའ་ངལ་འཕྲད་རྒྱུ་ཡིན་པས། དེར་སྤོར་རྒྱུ་མིན་པ་གཏན་ཁེལ་ཡོད་འདུག

གངས་སྐྱིད་དུ་ཡོད་པའི་དཔེ་སྟོན་སློབ་གྲྭའི་ནང་སྔོན་འགྲོ་ནས་འཛིན་གྲྭ་༣ པ་བར་དང་། དྷ་ཤོད་དུ་ཡོད་པའི་དཔེ་སྟོན་སློབ་གྲྭའི་ནང་འཛིན་གྲྭ་༤ པ་ནས་༨ པ་བར་དང་། འཛིན་རིན་༩ དང་༡༠ པ་ཅོན་ཏ་རཱ་སཾབྷོཊའི་འོག་ཏུ་ཟླ་སྒྲིལ་བཏང་ནས། དཔེ་སྟོན་སློབ་གྲྭ་དེ་འབྲིང་རིམ་ལ་བསྒྱུར་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་ཟེར།