དབྱིན་ཇི་ཡིས་ཡུག་རེན་ལ་ཨ་སྒོར་ས་ཡ་ ༥༠ ཡིས་རོགས་རམ་བྱེད་རྒྱུ་རེད་འདུག

ཟླ་འདིའི་ཚེས་༢༠་ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དབྱིན་ཡུལ་གྱི་སྲིད་བློན་ཡུན་རེན་ལ་ཕེབས་ཡོད་པ་དང་། ཁོང་གིས་ཨ་སྒོར་ས་ཡ་ ༥༠ ཡིས་རོགས་རམ་བྱེད་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན་དབྱིན་ཇིའི་སྲིད་བློན་རེ་ཤེ་སོ་ན་(Rishi Sunak) ཡུག་རེན་དུ་ཕེབས་ཡོད་པ་དང་། ཁོང་གིས་ཡུག་རེན་མི་མང་གི་བློ་སྟོབས་ལ་བསྔགས་བརྗོད་བྱས་ཡོད་པ་མ་ཟད། ཡུག་རེན་ལ་རྒྱལ་ཁ་མ་ཐོབ་ཀྱི་བར་དུ་དབྱིན་ཇི་ཡིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་རབས་དང་། ལྷག་པར་དུ་དབྱིན་ཇི་ཡིས་གནམ་གྲུ་གཏོར་བྱེད་ཀྱི་མེ་མདའ་༡༢༠ གཙོས་པའི་ཨ་སྒོར་ཁྱོན་བསྡོམས་ས་ཡ་$༥༠ ཡིས་མཚོན་ཆ་མཁོ་སྤྲོད་བྱེད་རྒྱུའི་ཁས་ལེན་བྱས་འདུག

ཁོང་ཉིད་དབྱིན་ཇིའི་སྲིད་བློན་ལ་བསྐོས་ནས་བཟུང་ཡུག་རེན་དུ་ཕྱིན་པ་ཐོག་མ་དེ་ཆགས་ཡོད་པ་དང་། ཉིན་དེ་ཡུག་རེན་དུ་ཁ་བ་བབས་ཞིང་གནམ་གཤིས་གྲང་ངར་ཆེ་ན་ཡང་། ཡུག་རེན་གྱི་སྲིད་འཛིན་དང་ཁོང་གཉིས་ཡུལ་དེར་ལྷག་པའི་ཨུ་རུ་སུའི་ཁྲབ་ལྡན་འཁོར་ལོ་སོགས་ལ་ལྟ་སྐོར་དུ་ཕྱིན་ཡོད་འདུག

ཡུག་རེན་གྱི་སྲིད་འཛིན་གྱིས་ཀྱང་ཁྱེད་ལྟ་བུའི་གྲོགས་པོ་ཞིག་ང་ཚོའི་རྒྱབ་ཏུ་ཡོད་པས། ང་ཚོ་ལ་རྒྱལ་ཁ་ཐོབ་རྒྱུའི་གདེང་ཚོད་ཡོད་ཅེས་བརྗོད་འདུག ཡུག་རེན་ལ་དམག་འཁྲུང་ལངས་ནས་བཟུང་དབྱིན་ཇིའི་སྲིད་བློན་རིམ་པས་ཡུག་རེན་ལ་རྒྱབ་སྐྱོར་བྱས་ཡོད་འདུག་ལ། དབྱིན་ཇི་སྲིད་བློན་གྱིས་མ་འོངས་པ་ཡང་རྒྱབ་སྐྱོར་མུ་མཐུད་བྱེད་རྒྱུ་ཡིན་རབས་ཐེངས་འདིའི་འཚམས་གཟིགས་སྐབས་དུ་བརྗོད་འདུག

ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་ལངས་ནས་བཟུང་། དབྱིན་ཇི་ཡིས་ཡུག་རེན་བ་སྟོང་ཕྲག་མང་པོ་སྐྱབས་བཅོལ་དུ་ལེན་པ་དང་། ཨུ་རུ་སུའི་མི་གྲངས་༡༢༠༠ ལྷག་ལ་དཔལ་འབྱོར་གྱི་ཆད་པ་བཅད་ཡོད་པ་མ་ཟད། ད་བར་ཨ་སྒོར་ཁྱོན་བསྡོམས་ཐེ་འབུམ་$༢.༣ ལྷག་གི་དམག་དོན་རོགས་རམ་བྱས་ཡོད་འདུག་པས། ཡུག་རེན་ལ་རོགས་པ་མང་ཤོས་བྱེད་མཁན་ཨ་རིའི་རྗེས་སུ་དབྱིན་ཇི་ཆགས་ཡོད་འདུག

 ཕྱི་ལོ་༡༩༩༡ ལོར་ཡུག་རེན་གྱི་རྒྱལ་ཁབ་གསར་དུ་དབུ་བརྙེས་པ་ནས་བཟུང་། དབྱིན་ཡུལ་དང་ཡུག་རེན་བར་དམག་དོན་དང་ཆབ་སྲིད། དཔལ་འབྱོར་སོགས་ཀྱི་འབྲེལ་བ་ཟམ་མོ་ཡོད་པ་རེད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Share this:

Leave a Reply