དམར་ཤོག་ཚོགས་པའི་ཚོགས་མི་ཞིག་ལ་བལ་ཡུལ་སྲིད་བློན་གྱི་འོས་ཐོབ་འདུག
བལ་ཡུལ་གྲོས་ཚོགས་ཀྱིས་འོས་བསྡུ་བྱས་ནས་བལ་ཡུལ་དམར་ཤོག་ཚོགས་པའི་འགོ་ཁྲིད་ཕུ་ཤེ་པལ་( pushpal kamal dahal)ལ་མང་མོས་འོས་ཤོག་ཐོབ་ནས་སྲིད་བློན་གསར་པར་བསྐོ་བཞག་བྱས་འདུག
བདུན་ཕྲག་སྔོན་མར་བལ་ཡུལ་གྲོས་ཚོགས་ནང་དུ། སྲིད་བློན་khadga prasad oli ལ་མང་མོས་ཀྱིས་ཁོང་གི་ལས་དོན་མུ་མཐུད་འཁུར་མི་ཐུབ་པར་འོས་ཤོག་བླུགས་ཏེ། སྲིད་བློན་ལས་གནས་ནས་དགོངས་ཞུ་བྱེད་དགོས་བྱུང་ཡོད་པ་དང་། ཟླ་འདིའི་ཚེས་༣ ཉིན་གྲོས་ཚོགས་ཀྱིས་མང་མོས་ཐོག སྐུ་ཞབས་ཕུ་ཤེ་པལ་( pushpal kamal dahal) ལ་འོས་ཤོག་བླུགས་ནས་སྲིད་བློན་ལ་བསྐོ་བཞག་བྱས་ཡོད་འདུག
སྐུ་ཞབས་ཁོང་གིས་ཕྱི་ལོ་༡༩༩༦ ལོར་བལ་ཡུལ་གཞུང་ལ་ཁ་གཏད་ཀྱི་དམར་ཤོག་གྱེན་ལོག་ཚོགས་པ་བཙུགས་ནས། ནང་འཁྲུག་ཡུན་རིང་བྱང་ཡོད་པ་དང་། དེའི་ཁྲོད་དུ་མི་མང་༡༧,༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་འདུག
ཕྱི་ལོ་༢༠༠༨ ལོའི་འོས་བསྡུ་ཆེན་མོའི་ནང་། ཁོང་གི་དམར་ཤོག་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པས། ཟླ་༨ པའི་ནང་ཁོང་སྲིད་བློན་ལ་བསྐོ་གཞག་བྱས་ཡོད་འདུག འོན་ཀྱང་ཕྱི་ལོ་༢༠༠༩ ལོའི་ཟླ་༨ པའི་ནང་ཁོང་གིས་སྲིད་བློན་ལས་གནས་ནས་དགོངས་ཞུ་བྱས་ཡོད་པ་དང་། དེ་ཡང་ཁོང་གིས་དམག་གི་སྤྱི་ཁྱབ་བློན་ཆེན་གནས་དབྱུང་བྱེད་ཐབས་བྱས་པར། བལ་ཡུལ་སྲིད་འཛིན་གྱིས་དགག་པ་བྱས་པས་ཡིན་འདུག ཁོང་སྲིད་བློན་ལ་འདེམས་ཐོན་བྱུང་བ་ཐེངས་གཉིས་པ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།