ནུབ་ཕྱོགས་པའི་ཉེས་ཆད་ཀྱིས་ཨུ་རུ་སུ་ལ་ཤུགས་རྐྱེན་ཆེན་པོ་སྤྲད་ཐུབ་མེད་ཟེར།

ཟླ་འདིའི་ཚེས་༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུས་མཚོ་ལམ་བརྒྱུད་ནས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་སྣུམ་མུ་མཐུད་ནས་བཙོང་ནས་དཔལ་འབྱོར་ཕོན་ཆེན་མཁོ་སྒྲུབ་བྱེད་བཞིན་ཡོད་འདུག་པར་བརྟེན། ཡུ་རོབ་མཐུན་ཚོགས་ཀྱིས་མཚོ་ལམ་བརྒྱུད་ནསཨུ་རུ་སུའི་རྩ་ནས་སྣུམ་ཉོ་རྒྱུ་ཡོངས་རྫོགས་བཀག་འགོག་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཀྱང་སྤེལ་འདུག

ཟླ་འདིའི་ཚེས་༣༠ ཉིན་TFIGlobal གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་འདིའི་ཕྱི་ཟླ་གཉིས་པའི་ནང་དུ་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱེད་པའི་སྐབས་སུ། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་མང་པོས་ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཉེས་ཆད་དྲག་པོ་གཅོད་རྒྱུ་ཡིན་དང་། ཨུ་རུ་སུ་ཁེར་རྐྱང་དུ་བསྐྱུར་རྒྱུ་སོགས་ཀྱི་སྐད་ཆ་མང་པོ་བཤད་ཡོད་པ་དང་ལག་ལེན་ཀྱང་དེ་བཞིན་བསྟར་ཡོད། འོན་ཀྱང་། ཉེས་ཆད་དེ་དག་གིས་ཨུ་རུ་སུ་ལ་ཤུགས་རྐྱེན་ཆེན་པོ་སྤྲད་ཐུབ་མེད་པས་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་བར་དུ་དམག་འཁྲུག་མུ་མཐུད་ནས་ལངས་པས་ད་བར་ཉིན་གྲངས་༩༨ ཕྱིན་ཟིན་པ་དང་ཨུ་རུ་སུ་ལ་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱང་ཐོབ་བཞིན་ཡོད་འདུག

དེ་ཡང་ཨར་མེ་ནི་ཡ་(Armenia) དང་། བྷེ་ལ་རུ་སི(Belarus) ཀ་རྫ་སི་ཐན་(Kazakhstan) དང་ཁེ་གྷི་སི་ཐན་(Kyrgyzstan) བཅས་རྒྱལ་ཁབ་བཞི་ཡིས་ཨུ་རུ་སུ་དང་ལྷན་དུ་དཔལ་འབྱོར་གྱི་ཐོག་ལ་མཉམ་ལས་བྱེད་རྒྱུ་ཡི་གན་རྒྱ་ཞིག་བཞག་ཡོད་པ་ཨུ་རུ་སུའི་སྲིད་འཛིན་གྱི་གསལ་བསྒྲགས་སྤེལ་ཡོད་ལ། དེ་བཞིན་ཨུ་རུ་སུ་ཡིས་ཨེ་རན་དང་ཧིན་དྷུ་ནེ་ཤི་ཡ། ཨེ་ཇིབ་བཅས་དང་ཡང་ཚོང་འབྲེལ་གྱི་གན་རྒྱ་ཞིག་འཇོག་རྒྱུ་ཡིན་པ་གསལ་བསྒྲགས་སྤེལ། གོང་གསལ་གནས་ཚུལ་དེ་གཉིས་ཀྱིས་གནད་དོན་གཉིས་ཤིག་གསལ་བཤད་བྱས་ཡོད་དེ། དང་པོ་ནི་ཡུག་རེན་ནང་གི་དམག་འཁྲུག་ལས་ཨུ་རུ་སུ་ལ་རྒྱལ་ཁ་ཐོབ་བཞིན་པ་དང་བསྟུན་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོས་ཨུ་རུ་སུ་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུ་ཡི་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་། གཉིས་ནི་ནུབ་ཕྱོགས་པས་ཨུ་རུ་སུ་ལ་བཅད་པའི་དཔལ་འབྱོར་ཉེས་ཆད་ལ་ནུས་པ་གང་ཡང་ཐོན་མེད་པ་གསལ་བཤད་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག

གང་ལྟར་ཨུ་རུ་སུས་རྒྱལ་ཁབ་བཞི་དང་དཔལ་འབྱོར་མཉམ་ལས་ཀྱི་གན་རྒྱ་བཞག་ཡོད་པ་དང་། ནུབ་ཕྱོགས་པས་གནོད་ཤུགས་ཇི་ལྟར་སྤྲད་ཀྱང་རྒྱ་གར་དང་རྒྱ་ནག ཧིན་དྷུ་ནེ་ཤི་ཡ་སོགས་ཀྱིས་མུ་མཐུད་དུ་ཨུ་རུ་སུ་དང་འབྲེལ་བ་ཉེ་བོ་ཉར་ནས་བསྡད་པ་དེས། ནུབ་ཕྱོགས་པ་ཚོས་ཨུ་རུ་སུ་ཁེར་རྐྱང་དུ་ཕུད་རྒྱུ་ཡི་རྨི་ལམ་དང་རྒྱང་ཐག་རིང་པོ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཚེས་ས་༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུས་མཚོ་ལམ་བརྒྱུད་ནས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་སྣུམ་མུ་མཐུད་ནས་བཙོང་ནས་དཔལ་འབྱོར་ཕོན་ཆེན་མཁོ་སྒྲུབ་བྱེད་བཞིན་ཡོད་འདུག་པར་བརྟེན། ཡུ་རོབ་མཐུན་ཚོགས་ཀྱིས་མཚོ་ལམ་བརྒྱུད་ནསཨུ་རུ་སུའི་རྩ་ནས་སྣུམ་ཉོ་རྒྱུ་ཡོངས་རྫོགས་བཀག་འགོག་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཀྱང་སྤེལ་འདུག ཡིན་ན་ཡང་། ཨ་རི་དང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་ཉེས་ཆད་ཇི་ལྟར་བཅད་ཀྱང་། ད་ལྟའི་ཆར་དཀའ་ངལ་འཕྲད་མཁན་ནི་ཨུ་རུ་སུ་མ་ཡིན་པར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གཅིག་ཡིན་འདུག 

དེ་ཡང་ཚེས་༡ གྱི་ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ནུབ་ཕྱོགས་པས་ཨུ་རུ་སུ་ལ་ཉེས་ཆད་བཅད་པར་བརྟེན། ཨུ་རུ་སུས་ཁོང་ཚོའི་སྣུམ་ཉོ་མཁན་རྒྱལ་ཁབ་དག་གིས་ཨུ་རུ་སུའི་ཡུལ་སྒོར་བེད་སྤྱོད་བྱེད་དགོས་པ་བཟོས་ཡོད་པ་དང་། ཟླ་བ་སྔོན་མའི་ནང་པོ་ལན་ཊི་དང་ཧྥི་ལན་ཊི། ནི་དྷི་ལན་ཌི་སོགས་ཀྱིས་ཨུ་རུ་སུའི་ཡུལ་སྒོར་བེད་སྤྱོད་མ་བྱས་པར་བརྟེན་ཨུ་རུ་སུས་རྒྱལ་ཁབ་དེ་དག་ལ་སོལ་རླངས་བཙོང་རྒྱུམཚམས་འཇུག་བྱས་ཡོད་ལ། བདུན་འདིའི་ནང་དུ་འཇར་མན་ནི་དང་ཌན་མག་(Denmark) གཉིས་ཀྱིས་ཨུ་རུ་སུའི་ཡུལ་སྒོར་བེད་སྤྱོད་མ་བྱས་པར་བརྟེན། ཨུ་རུ་སུས་རྒྱལ་ཁབ་དེ་གཉིས་ལ་སོལ་རླངས་བཙོང་རྒྱུ་དེ་མཚམས་འཇུག་བྱས་ཡོད་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།