ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་རྩ་དགོངས།
ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་ཁོང་མོས་བཀའ་ཤག་སྐབས་བཅུ་བཞི་པའི་བཀའ་བློན་ནས་བློ་ཕམ་གྱི་སྒོ་ནས་རྩ་དགོངས་ཞུས་པ་ཡིན་ཞེས་གསུངས་པ་དང་། རྒྱུ་མཚན་གང་ཡིན་གསལ་བཤད་གནང་མེད་པ་རེད།
ཁོང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “བློ་ཕམ་གྱི་སྒོ་ནས་ཕྲན་རང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱས་པ་ཡིན། ཐག་གཅོད་འདི་ཕྲན་ནས་སྤྱི་པའི་རྩ་དོན་དང་། མ་འོངས་པར་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་བྱ་ཕྱོགས་བཅས་ལ་བསམ་ཞིབ་གཏིང་ཟབ་བཏང་ནས་བྱས་པ་ཡིན། ད་བར་བཀའ་བློན་གྱི་ལས་གནས་ཐོག་བོད་མི་མང་ལ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོར་བསམ་བཞིན་ཡོད། མཐའ་དོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༧ཞབས་པད་བརྟན་ཅིང་ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པ་དང་། གཞིས་བཞུགས་བོད་རིགས་སྤུན་ཟླའི་རེ་འདུན་མངོན་འགྱུར་ཡོང་བའི་སྨོན་འདུན་ཞུ།” འཁོད་ཡོད་པ་རེད།།