ཕྲུ་གུ་ས་ཡ་༧༥ ལ་སློབ་སྦྱོང་གི་གོ་སྐབས་དང་བྲལ་བ།

ཟླ་འདིའི་ཚེས་༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩས་སྙན་ཐོ་ཞིག་བཏོན་པའི་ནང། འཛམ་གླིང་གི་ཟིང་འཁྲུག་ལངས་བཞིན་པའི་ལུང་པ་ཁག་ནང། སློབ་གྲྭ་འགྲོ་བའི་ལོ་ན་སོན་པའི་ཕྲུ་གུ་ས་ཡ་༧༥ ལ་སློབ་སྦྱོང་བྱེད་པའི་གོ་སྐབས་མེད་པ་དང་། དེ་ཚོར་སློབ་སྦྱོང་བྱེད་པའི་མཐུན་རྐྱེན་སྐྲུན་རྒྱུ་ཁ་ཚ་དགོས་གཏུགས་ཡིན་སྐོར་བཀོད་འདུག

13162062_1163075623716305_2054059883_nསི་རི་ཡའི་དམག་འཁྲུག་གི་ལོ་ལྔའི་ནང་སློབ་གྲྭ་༦༠༠༠ བེད་མེད་ལྷག་ཡོད་པ་དང། དེ་བཞིན་ཡུ་ཀེ་རིན་དུ་དམག་འཁྲུག་གི་རྐྱེན་པས་སློབ་གྲྭ་ལྔ་ལས་གཅིག་བེད་མེད་ཆགས་ཡོད་འདུག

སྙན་ཐོའི་ནང་སྐྱབས་བཅོལ་བའི་ཕྲུ་གུ་ཚོར་སློབ་སྦྱོང་གི་གོ་སྐབས་མི་ཐོབ་པའི་ཉེན་ཁ་ཆེ་བ་དང། དེ་བཞིན་ཟིང་འཁྲུག་སྐབས་སུ་ཕྲུ་གུ་བུ་མོ་རྣམས་ལ་སློབ་སྦྱོང་གི་གོ་སྐབས་མི་ཐོབ་པའི་ཉེན་ཁ་བུ་ལས་ཆེ་བ་ཡོད་སྐོར་བཀོད་འདུག

ཟླ་༥ པའི་ཚེས་༢༣ དང་༢༤ ཉིན་ཏུར་ཀིའི་རྒྱལ་སར་འཛམ་གླིང་འགྲོ་བ་མིའི་བདེ་རྩའི་ལྷན་ཚོགས་འཚོག་རྒྱུ་ཡིན་པ་དང། སྐབས་དེར་སློབ་སྦྱོང་དེ་ནར་འགྱངས་བྱེད་མི་ཉིན་ཞེས་པའི་ཛ་དྲག་གི་ཐེབས་རྩ་གསར་པ་ཞིག་བཟོ་འཆར་ཡོད་འདུག ཐེབས་རྩ་དེས་ལོ་ལྔའི་ནང་ཨ་སྒོར་ཐེར་འབུམ་༤ ཙམ་གསོག་སྒྲུབ་བྱས་ཏེ། ཕྲུ་གུ་ས་ཡ་༡༣.༦ ཙམ་ལ་སློབ་སྦྱོང་གི་གོ་སྐབས་སྤྲོད་འཆར་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།