བལ་ཡུལ་གཞུང་གིས་བོད་མིའི་གསུམ་བཅུའི་དུས་དྲན་སྲུང་བརྩི་བཀག་འགོག
ཟླ་འདིའི་ཚེས་༧ ཉིན་བལ་ཡུལ་བོད་མིའི་དོན་གཅོད་ཁང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བལ་ཡུལ་གཞུང་གི་ནང་སྲིད་དང་རྫོང་དཔོན་ལས་ཁུངས་ཀྱིས། འདི་ལོའི་བོད་ཀྱི་གསུམ་བཅུའི་དུས་དྲན་ཉིན་མཛད་སྒོ་འཚོགས་རྒྱུར་ཆོག་མཆན་བཀའ་འཁྲོལ་གནང་མེད་པར་བརྟེན། བོད་མི་ཡོངས་ཀྱིས་གནས་ཡུལ་གཞུང་གི་ཁྲིམས་སྒྲིག་གཉིས་ལས་འགལ་བའི། མི་མང་འདུ་འཛོམས་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་རིགས་རྩ་བ་ནས་མི་སྤེལ་བའི་འབོད་སྐུལ་བྱས་ཏེ། ཉིན་དེར་བོད་མི་རྣམས་རང་ཁྱིམ་དུ་ཕྱག་མཆོད་འབུལ་དང་སྨོན་ལམ་གསུང་འདོན་ལ་སོགས་ཀྱི་རྣམ་དཀར་དགེ་བའི་ལས་ལ་འབད་པའི་རེ་སྐུལ་ཞུས་འདུག
རྒྱ་ནག་དང་བལ་ཡུལ་གྱི་ཚོང་འབྲེལ་ཡག་ཏུ་ཕྱིན་ནས་བཟུང་། བལ་ཡུལ་ནང་བོད་མི་ཚོར་༧གོང་ས་མཆོག་གི་འཁྲུངས་སྐར་དང་གསུམ་བཅུའི་དུས་དྲན་སོགས་སྲུང་བརྩི་བྱ་རྒྱུར་བཀག་འགོག་ཤུགས་ཆེན་བྱེད་ཀྱི་ཡོད་ཁར། རྒྱལ་ཁབ་གཞན་དང་མི་འདྲ་བར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་མཁན་བོད་མི་ཚོར། རྡུང་རྡེག་དང་འཇུ་བཟུང་བཀག་ཉར་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།