བལ་ཡུལ་ས་མཚམས་ནས་བཟུང་བའི་བོད་མི་དེ་དག་གློད་གྲོལ།

འབྲེལ་ཡོད་བརྒྱུད་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། བལ་ཡུལ་ཉེན་རྟོག་པས་རྒྱ་གར་དང་ཐག་ཉེ་བའི་མཐའ་མཚམས་ནས་འཇུ་བཟུང་བྱས་བའི་བོད་མི་མི་གྲངས་༤༡་གི་ཁོངས་ནས། བོད་མི་༣༩ལ་རྒྱ་ནག་གི་ཕྱི་བསྐྱོད་ལག་ཁྱེར་ཡོད་པར་བརྟེན། ཚེས་༡༦་ཉིན་གྱི་དགོང་དྲོར་བཀག་ཉར་ནས་གློད་གྲོལ་བཏང་ཟིན་པ་དང་། རྒྱ་གར་གྱི་ངོ་སྤྲོད་ལག་ཁྱེར་ཡོད་པའི་བོད་མི་གཉིས་རྒྱ་གར་གཞུང་ཚབ་ཁང་བརྒྱུད་ཞིབ་འཇུག་ཆེད་མུ་མཐུད་བཀག་ཉར་བྱས་ཡོད་ཀྱང་སྤྱི་ཚེས་༡༧ ཞིབ་བཤེར་ཟིན་ནས་གློད་གྲོལ་བཏང་འདུག

གོང་གསལ་བོད་མི་དེ་དག་ཟླ་འདིའི་ཚེས་༡༤ཉིན་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ནས་སྤྱི་སྤྱོད་རླངས་འཁོར་ནང་བསྐྱོད་བཞིན་པའི་སྐབས། ཀེ་ལཱ་ལེ་རྫོང་ས་གནས་ཉེན་རྟོག་པས་བལ་ཡུལ་ནང་ཁྲིམས་མཐུན་གྱི་འགྲོ་བསྐྱོད་ཆོག་པའི་ལག་འཁྱེར་མེད་པར་བསྙད་ནས་ས་གནས་ནས་འཛིན་བཟུང་བྱས་ཏེ། ཕྱིར་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་འདུག་ཀྱང་།

་ད་ལྟའི་ཆར་འཛིན་བཟུང་བྱས་པའི་བོད་མི་༤༡ ཚང་མ་གློད་གྲོལ་བཏང་ཟིན་འདུག།