བུད་མེད་ཅིག་ལ་ཉེས་ཆད་རྡོ་གཞུས་ནས་བསད་པ།

ཏ་ལི་བྷན་གྱིས་དབང་སྒྱུར་འོག་གི་ཨབ་གྷན་གྱི་ས་ཁུལ་ཞིག་ནང། བུད་མེད་རོག་ཤ་ཎ་ལ་ནང་མི་སྤུན་མཆེད་ཀྱིས་བཙན་དབང་ཐོག་ཆང་ས་བརྒྱབས་ཏུ་བཅུག་རྩིས་ཡོད་པས། ཁོ་མོ་དང་དགའ་རོགས་གཉིས་ས་ཆ་གཞན་ལ་འབྲོ་འཆར་དང་ཁོང་གཉིས་བར་ལས་འབྲེལ་བྱུང་ཡོད་པས། ཏ་ལི་བྷན་དྲག་སྤྱོད་པ་དང་ས་གནས་ཀྱི་ཆོས་དཔོན་སོགས་ཀྱིས་མོ་ལ་རྡོ་གཞུས་ནས་བསད་ཡོད་པ་རེད།

12049202_105དེ་ཡང་ཟླ་འདིའི་ཚེས་༤ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། བདུན་ཕྲག་ཅིག་གི་སྔོན་དུ། དྲག་སྤྱོད་རིང་ལུགས་ཏ་ལི་བྷན་གྱིས་དབང་སྒྱུར་འོག་གི་ཨབ་གྷན་གྱི་ས་ཁུལ་ཞིག་ནང། ལོ་ན་༡༩ ཡིན་པའི་བུད་མེད་རོག་ཤ་ཎ་ལ་ནང་མི་སྤུན་མཆེད་ཀྱིས་བཙན་དབང་ཐོག་ཆང་ས་རྒྱག་ཏུ་བཅུག་རྩིས་ཡོད་པས། ཁོ་མོ་དང་དགའ་རོགས་ལོ་ན་༢༣ ཡིན་པ་གཉིས་ས་ཆ་གཞན་དུ་བྲོས་ནས་ཆང་ས་རྒྱག་རྒྱུ་བྱས་འདུག་ཀྱང་། ཁོ་གཉིས་ལུས་འབྲེལ་བྱེད་བཞིན་པའི་སྐབས་སུ་འཇུ་བཟུང་བྱས་འདུག་པས། བསམ་བློ་རྙིང་ཞེན་ཡིན་པའི་ཁ་ཆེའི་གྲོང་གསེབ་མང་པོ་ཞིག་ལ། ཆང་ས་མ་བརྒྱབ་པའི་སྔོན་དང་རང་ཉིད་ཀྱི་བཟའ་ཚང་མ་ཡིན་པ་མཉམ་དུ་ལུས་འབྲེལ་བྱེད་པར་སྲོག་ཐོག་གི་ཉེས་པ་གཏོང་གི་ཡོད་པས། ཁོ་མོའི་བྲང་ཁོག་མན་ཆད་ཀྱི་གཟུགས་པོ་ས་དོང་ནང་བཅུག་ནས། ཏ་ལི་བྷན་དྲག་སྤྱོད་པ་དང་ས་གནས་ཀྱི་ཆོས་དཔོན་སོགས་ཀྱིས་རྡོ་གཞུས་ནས་བསད་ཡོད་པ་དང། ཁོ་མོའི་དགའ་རོགས་དེ་ལ་རྟ་ལྕག་ཅིག་གཞུས་ནས་གློད་ཡོད་པ་རེད་འདུག

བུད་མེད་དེར་རྡོ་གཞུས་ནས་གསོད་བཞིན་པའི་བརྙན་པར་ཐུང་ཐུང་ཞིག་སྤྱི་ཚོགས་དྲ་རྒྱར་ཁྱབ་བཞིན་ཡོད་པས། ཨབ་གྷན་མི་མང་གིས་བྱ་སྤྱོད་དེར་ངོ་རྒོལ་བྱས་ཡོད་པ་དང། རྒྱལ་སྤྱིའི་ཐོག་ནས་ཀྱང་སྐྱོན་བརྗོད་བྱས་འདུག བརྙན་ཐུང།

རྡོ་གཞུས་ནས་གསོད་པའི་ལམ་ལུགས་དེ་ནི་སྔར་ཁ་ཆེ་ཆོས་ལུགས་དང་འཇིའུ་ཆོས་ལུགས་ཀྱི་ལོ་རྒྱུས་ནང་ནག་ཉེས་པར་ཁྲིམས་ཐག་གཅོད་ཚུལ་ཞིག་རེད། འོན་ཀྱང་དེང་སང་རྒྱལ་ཁབ་ཕལ་ཆེ་བར་བྱ་སྤྱོད་དེ་ཁྲིམས་འགལ་ངོས་འཛིན་བྱས་ཡོད་ནའང་། ཁ་ཆེ་ལུང་པ་ཨབ་གྷན་དང་ཨ་རབ་རྒྱལ་ཁབ་ཁ་ཤས་ཀྱི་གྲོང་གསེབ་ནང་མུ་མཐུད་དུ་ལམ་སྲོལ་དེ་ལག་བསྟར་བྱེད་བཞིན་ཡོད་འདུག

བུད་མེད་ཐོབ་ཐང་རྩོད་ལེན་པ་མང་པོ་ཞིག་གིས་རྡོ་གཞུས་ནས་གསོད་པའི་ཁྲིམས་ཐག་གཅོད་སྟངས་དེ་མི་སྤྱོད་ལས་འདས་པའི་ཁྲིམས་འགལ་གྱི་ལུགས་སྲོལ་ཡིན་པ་གང་ཞིག།བུད་མེད་ལ་དབྱེ་འབྱེད་ཀྱི་གསོད་ཀྱི་ཡོད་པ་དང། བུ་ལ་རྟ་ལྕགས་ཞུས་ནས་གློད་པའི་ཁྲིམས་ཤིག་ཡིན་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།