བོད་ཀྱི་འཁྱག་རོམ་བརྒྱ་ཆ་༩༥ བཞུར་ཡོད་འདུག

ཟླ་འདིའི་ཚེས་༡༧ ཉིན་རྒྱ་གར་རྡེ་རུ་རྡུན་གྱི་རྒྱ་གར་རི་སྐྱེས་སྐྱེ་དངོས་ཁམས་ཀྱི་ལྟེ་གནས་ཁང་དུ། ཁོར་ཡུག་རྩ་གཏོར་རྐྱེན་པས། ས་གཞི་མང་པོ་ཞིག་བྱེ་ཐང་དུ་གྱུར་ནས་སེམས་ཅན་དང་རྩི་ཤིང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྐོར་གྱི་བགྲོ་གླེང་ཞིག་ཚོགས་ཡོད་འདུག

13427804_11905703676189343_nསྐབས་དེར་རི་སྐྱེས་སྐྱེ་དངོས་ཁམས་ཀྱི་ཚན་རིག་པ་ནིས་ཏ་ཤཱ་ཡིས། བོད་མཐོ་སྒང་གི་ཚ་དྲོད་དེ་ལོ་བཅུ་རེའི་མཚམས་ལ་ཚ་ཚད་༠.༣ རེ་འཕར་བཞིན་ཡོད་པ་དང། དེའི་རྐྱེན་པས་མཐོ་སྒང་གི་འཁྱགས་རོམ་བརྒྱ་ཆ་༩༥ བཞུར་ནས། ཆུ་མིག་སྟོང་པ་མང་པོ་ལྷགས་ཡོད་པས། རྩ་ཐང་དང་གནོད་སྐྱོན་གྱི་ཡུལ་མིར་ཆུ་དཀོན་པོ་ཆགས་པའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

དེ་བཞིན་མོས་གནས་སྟངས་དེའི་རྐྱེན་པས། རྒྱ་གར་ལ་དྭགས་ཁུལ་དུ་ས་ཆུ་གཉིས་སྤྱོད་ཀྱི་སྲོག་ཆགས་མང་པོ་རྩ་སྟོང་ཕྱིན་ཡོད་སྐོར་བརྗོད་འདུག

རྒྱ་ནག་གིས་བོད་ནས་འབྱུང་བའི་ཆུ་བོ་དག་སྟངས་འཛིན་བྱེད་ཆེད་དུ། ཆུ་རགས་མང་པོ་བརྒྱབ་དང་རྒྱག་བཞིན་ཡོད་པས། དེའི་རྐྱེན་པས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་དང་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པའི་སྙན་ཐོ་མང་པོ་ཐོན་ཁར། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཡང་ཆུ་དཀའ་ངལ་འཕྲད་ནས། ཐན་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། རྒྱ་གར་གཙོས་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་མང་པོས། རྒྱ་ནག་གིས་ཆུ་རགས་རྒྱག་པར་དགག་པ་བྱེད་བཞིན་ཡོད་པ་རེད་དེ། ད་བར་རྒྱ་ནག་གིས་ལས་གཞི་མཚམས་འཇོག་བྱེད་ཀྱི་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།