བོད་ནང་ས་དྲོད་ནུས་ཤུགས་ཀྱི་ཐོན་ཁུངས་རྙེད་སོན།

ཟླ་འདིའི་ཚེས་༡༦ ཉིན་གྱི་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་ས་དང་སྙེ་མོ། བྱང་ཕྱོགས་མི་མེད་ལུང་སྟོང་གི་ས་ཁུལ་སོགས་ལ། ས་འོག་དྲོད་ཀྱི་ནུས་པ་ལྡན་པའི་ས་ཁུལ་༦༧༢ རྙེད་གསོན་བྱུང་བ་དག་གིས། གློག་ཤུགས་ཀི་ལོ་ཝཊི་འབུམ་༨ བསྐྲུན་པའི་ནུས་པ་ཡོད་པ་ཤེས་རྟོགས་བྱུང་སྐོར་ས་ཁུལ་གྱི་ས་གཤིས་རིག་པ་དང་གཏེར་རྫས་མྱུལ་ཞིབ་ལས་ཁུངས་ཀྱིས་འགྲེལ་བརྗོད་བྱས་འདུག

12607011_1091དཔྱད་ཞིབ་བྱས་པ་བརྒྱུད། བོད་ནང་གི་ས་འོག་དྲོད་ཀྱི་ནུས་པའི་གཏེར་མཛོད་ཀྱི་ཚ་ཚད་༡༥༠ སེལ་ཤི་སེ་ལས་མཐོ་བ་ཡིན་པ་དང།  རྒྱ་ནག་ཁྱོན་ཡོངས་ཀྱི་ས་འོག་དྲོད་ཀྱི་ནུས་པའི་གཏེར་མཛོད་བརྒྱ་ཆ་༨༠ བོད་ལ་ཡོད་པ་ཤེས་རྟོགས་བྱུང་འདུག

རྒྱ་ནག་གིས་མ་འོངས་པར། རྡོ་སོལ་གྱི་ཚབ་ཏུ་ས་འོག་དྲོད་ཀྱི་ནུས་པའི་གཏེར་མཛོད་དག་བེད་སྤྱད་ནས། རྒྱ་ནག་གི་གློག་སོགས་ཀྱི་ནུས་ཤུགས་བསྐྲུན་འཆར་ཡོད་འདུག

རྒྱ་ནག་གིས་བོད་ལ་བཙན་འཛུལ་མ་བྱས་པའི་སྔོན་དུ། བོད་མི་རྣམས་ཀྱིས་རང་བྱུང་གཏེར་ཁ་སྔོག་འདོན་བྱས་ན་ལྷ་ཀླུའི་འཇིགས་པ་ཡོང་བའི་བསམ་ཚུལ་སོགས་ལ་བརྟེན་ནས། རང་བྱུང་ཁོར་ཡུག་ལ་དོ་ཕོག་བཏང་མེད་ནའང་། བཙན་འཛུལ་རྗེས་སུ་རྒྱ་ནག་གིས་བོད་ཀྱི་རང་བྱུང་གཏེར་ཁ་གྲངས་ལས་འདས་པ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང། དེ་ལ་བརྟེན་ནས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་འགྲོ་ཡི་ཡོད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།