བོད་པའི་འོས་བསྡུའི་ཁྲིམས་སྒྲིག་ལ་སེམས་འཚབ།

ཟླ་འདའི་ཚེས་༡ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་རཱའོ་ཧར་བྷ་ཆིར་(Dana Rohrabacher) གྱིས་བཙན་བྱོལ་བོད་ཀྱི་འོས་བསྡུའི་སྐབས་སུ། སེམས་འཚབ་དགོས་པའི་འོས་བསྡུའི་སྒྲིག་གཞི་བར་བཟོ་བྱས་ཏེ། མང་གཙོ་དང་མི་མཐུན་པའི་ཐོག་ནས་སྨྲ་བརྗོད་རང་དབང་དང་བློ་མཐུན་འདུས་པའི་རང་དབང་ལ་དམ་འཛིན་བྱེད་ཀྱི་ཡོད་སྐོར་གྱི་ཡི་གེ་ཞིག ཨ་རིའི་རྒྱལ་སྲིད་དྲུང་ཆེ་དང་ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ལ་ཕུལ་འདུག

Dana Rohrabacherཡི་གེ་དེའི་ནང་དུ་ཨ་རི་གཞུང་གིས་ཕྱི་ལོ་༢༠༡༦ ལོའི་སྔོན་རྩིས་འཆར་གཞིའི་ནང་ཉུང་མཐར་ཨ་སྒོར་ས་ཡ་༦ བོད་ཀྱི་ལས་རིམ་ཆེད་དུ་ཟུར་འཇོག་བྱས་ཡོད་པ་དང། ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱལ་ལྟེ་གནས་ཁང་གིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་མང་གཙོ་གོང་འཕེལ་ཆེད། ལས་རིམ་མང་པོ་ཞིག་བྱེད་ཀྱི་ཡོད་པས། ཨ་རི་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང། ད་ལྟའི་འགོ་ཁྲིད་ཁག་གིས་མང་གཙོ་ཚད་ལྡན་གྱི་ལུགས་དང་མཐུན་པའི་ལས་དོན་བྱེད་ཀྱི་ཡོད་མེད་སོགས་ལ་ལྟ་རྟོགས་བྱེད་དགོས་པ་དང། ལྟ་རྟོགས་ཀྱི་གྲུབ་འབྲས་ཁོང་ལ་བརྡ་ལན་ཡོང་བའི་རེ་སྐུལ་བྱས་འདུག

དེ་བཞིན་དེ་སྔོན་བོད་ཀྱི་རྒྱབ་སྐྱོར་བ་༢༧ གྱིས་བོད་མིའི་སྒྲིག་འཛུགས་དང་འོས་བསྡུ་ལས་ཁུང་ལ། འོས་བསྡུའི་སྒྲིག་གཞིར་གཞུང་གི་ངོས་འཛིན་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་བཀའ་སྤྱིའི་འོས་བསྡུའི་སྐོར་ལ་ལས་འགུལ་དང་གསལ་བསྒྲགས་བྱེད་ཆོག་པ་ལས། ཚོགས་པ་གཞན་གྱིས་དེ་ལྟར་བྱེད་མི་ཆོག་པ་དེ་དང། གཞན་ཡང་ཁྲིམས་སྒྲིག་གཞན་ཁ་ཤས་ལག་ལེན་བསྟར་ཚུལ་ལ་གཞིགས་ན། ད་ལྟ་ལས་ཐོག་ཡིན་པའི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོར་འོས་བསྡུར་ཁེ་ཕན་ཡོད་པའི་སེམས་འཚབ་ཡོད་སྐོར་གྱི་ཡི་གེ་ཞིག་ཕུལ་བར། འོས་བསྡུ་ལས་ཁང་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་ཁྲིམས་སྒྲིག་དེ་རང་བཙན་ཡོད་པའི་རྒྱལ་ཁབ་གཞན་གྱི་འོས་བསྡུའི་ཁྲིམས་སྒྲིག་དང་བསྡུར་མི་རུང་བ་ལན་འདེབས་བྱས་ཡོད་སྐོར་སོགས་བྲིས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།
Dana Rohrabacher1