བོད་མི་ཞིག་ལག་ཁྱེར་རྫུན་བཟོའི་མིང་ཐོག་ནས་འཇུ་བཟུང།

རྒྱ་གར་ལྡེ་ར་ལྡུན་དུ་བོད་རིགས་འཇམ་དཔལ་ཆོས་སྦྱིན་གྱིས་རྒྱ་གར་གྱི་ཕྱི་སྐྱོད་ལག་ཁྱེར་བཟོས་པའི་དུས་སུ། ཡིག་ཆ་རྫུན་མ་སྤྲད་པས། རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

1278དེ་ཡང་རྒྱ་གར་གྱི་དུས་བབ་སྟེང་གནས་ཚུལ་བཀོད་གསལ། ཟླ་འདིའི་ཚེས་༢༧ ཉིན་བོད་མི་དེས་ཕྱི་ལོ་༢༠༠༠ ལོའི་ཟླ་༦ པའི་ནང་རྒྱ་གར་ས་གནས་ཕྱི་རྒྱལ་བའི་ཐོ་འགོད་ལས་ཁུངས་སུ། ལྡེ་ར་ལྡུན་ལཱ་ཁན་ཝ་ལར་སྐྱེས་པ་དང་། མིང་ལ་འཇམ་དཔལ་ཆོས་སྦྱིན་ཞེས་ཐོ་འགོད་བྱས་ཡོད་ཀྱང། རྗེས་སུ་ཕྱི་སྐྱོད་ལག་ཁྱེར་ནང་ཐོ་བཀོད་སྐབས། མིང་ལ་དཀོན་མཆོག་རྡོ་རྗེ་དང་ཨ་རུ་ན་ཅཱལ་མངའ་སྡེའི་ནང་སྐྱེས་པའི་ཡིག་ཆ་སྤྲད་ཡོད་པ་ར་སྤྲོད་བྱུང་སྟེ། རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

ཉེན་རྟོག་པས་ཟླ་འདིའི་ཚེས་༢༨ ཉིན་ནས་ཁོང་ལ་དྲི་རྩད་བྱེད་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

ཁོས་ཕྱི་སྐྱོད་ལག་ཁྱེར་དེའི་ཐོག་ཨ་རི་དང་སེང་གྷ་པུར། མ་ལི་ཤི་ཡ། ཐའེ་ཝན་སོགས་རྒྱལ་ཁབ་མང་པོར་འགྲོ་བསྐྱོད་བྱས་ཡོད་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།