བོད་རང་བཙན་ལས་འགུལ་བ་རྡོ་རྗེས་རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ།
ཟླ་འདིའི་ཚེས་༥ ཉིན་བོད་རང་བཙན་ལས་འགུལ་བ་རྡོ་རྗེ་རང་བཙན་གྱིས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྤེལ་བ་དང་། རྒྱ་གར་ཉེན་རྟོག་པས་བཀག་འགོག་བྱས་ཏེ། བཙན་ཁྲིད་བྱས་ཡོད་པ་རེད།

ཁོང་ལས་འགུལ་སྤེལ་དུ་འགྲོ་སྐབས་དྲ་ལམ་བརྒྱུད་ལས་འགུལ་སྤེལ་དགོས་དོན་སྐོར་གསུངས་པའི་ནང་། “རྒྱ་ནག་གི་ཅ་ལག་ཉོ་རྒྱུ་མཚམས་འཇོག་དགོས་པ་དང་། རྒྱ་ནག་གཅིག་གི་སྲིད་ཇུས་ལ་མོས་མཐུན་མེད། རྒྱ་དཀར་ནག་གི་གདུང་ཐུག་ཁྲོད་རྒྱ་གར་དམག་མི་བོད་པ་ཤི་བ་དང་། རྨས་སྐྱོན་བྱུང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་”ཅེས་བོད་རྒྱ་གར་དང་མཉམ་དུ་ཡོད། བོད་དང་རྒྱ་གར་རྒྱལ་དགོས་ཞེས་འབོད་ཚིག་བསྒྲགས་ཡོད་པ་རེད།
རྡོ་རྗེ་རང་བཙན་ནི་བོད་རང་བཙན་ལས་འགུལ་བ་ཞིག་ཡིན་པ་དང་། རྒྱ་ནག་གི་གཞུང་ཚབ་དུས་རྒྱུན་ངོ་རྒོལ་བྱེད་དུ་འགྲོ་ཡི་ཡོད་པས། རྒྱ་གར་ཉེན་རྟོག་པས་ཐེངས་མང་བཀག་ཉར་བྱེད་མྱོང་ཡོད་པ་རེད།། hindustantimes
གསར་འགོད་པ་ཆོས་ཉིད་འོད་ཟེར།